ཨ་རིའི་སྲིད་འཛིན་གྱི་ཨེ་ཤི་ཡའི་ཁུལ་དུ་འཚམས་གཟིགས་སྐོར།

ཨ་རིའི་སྲིད་འཛིན་མཆོག་ཨེ་ཤི་ཡའི་ཡུལ་ཁག་ཅིག་གི་གཟིགས་བསྐོར་དེ་སྤྲོ་སེང་དང་ཕྱི་འབྲེལ་གྱི་ལས་དོན་ཐོག་དུས་ཚོད་གཏོང་གནང་རྒྱུ་ཡིན་པ་རེད་

༄༅༎ཨ་རིའི་སྲིད་འཛིན་ཇོཇེ་སྦུཤེ་མཆོག་གིས་ད་ཐེངས་ཀྱི་ཨེ་ཤི་ཡའི་མངའ་ཁུལ་ཡུལ་ཁག་ཅིག་གི་གཟིགས་བསྐོར་དེ་སྤྲོ་སེང་དང་ཕྱི་འབྲེལ་གྱི་ལས་དོན་ཐོག་དུས་ཚོད་གཏོང་གནང་རྒྱུ་ཡིན་པ་རེད་

དང་ཐོག་ཁོང་གིས་ཕྱི་འབྲེལ་ཐོག་དུས་ཚོད་གཏོང་གནང་རྒྱུ་དང་ དེ་ཡང་ཁོང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ ལི་མང་སྦག་ དང་མཇལ་འཕྲད་གནང་ནས་བྱང་ཀོ་རི་ཡས་ཁས་ལེན་བྱས་པའི་རྡུལ་ཕྲན་འཕྲུལ་རིག་མེད་པ་བཟོ་རྒྱུའི་ལས་དོན་ཐོག་མཇུག་སྣོན་གནང་རྒྱུ་ཡིན་པ་རེད་ དེ་ནས་ཁོང་གིས་ཐེ་ལེན་ཌིའི་རྒྱལ་ས་སྦེང་ཀོག་ནང་ཨ་རི་དང་ཡུལ་གཉིས་དབར་ཕྱི་འབྲེལ་འགོ་འཛུགས་གནང་ནས་ལོ་ངོ་ ༡༧༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་དང་དེར་ཁོང་གིས་མ་འོངས་པར་ཨ་མི་རི་ཀས་ཨེ་ཤི་ཡའི་གླིང་ཆེན་ཐོག་འཛིན་པའི་སྲིད་བྱུས་སྐོར་གསུང་བཤད་ཅིག་གནང་རྒྱུ་ཡིན་པ་རེད་ སྲིད་འཛིན་སྦུཤེ་ཡིས་ཐེ་ལེན་ཌི་ནང་འབར་མའི་དྲག་པོའི་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་གྱི་འགོ་འཁྲིད་ཁག་ཅིག་ཀྱང་མཇལ་འཕྲད་གནང་རྒྱུ་མ་ཟད་ ཁོང་གི་སྐུ་ཟླ་ ལོ་རོ་སྦུཤེ་ ཡིས་ཐེ་ལེན་ཌི་དང་འབར་མའི་ས་མཚམས་སུ་ཡོད་པའི་འབར་མའི་སྐྱབས་བཅོལ་བའི་སྡོད་སྒར་ཟིག་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པ་རེད་ དེ་ནས་སྲིད་འཛིན་དང་ཁོང་གི་སྐུ་ཟླ་རྣམ་གཉིས་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་སྐབས་དེར་ཁོང་གི་ལྷན་དུ་ཡོད་པའི་སྲས་མོ་གཅིག་དང་གཅུང་པོས་ཁོང་གི་ཡབ་དང་སྲིང་མོ་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད་ ཁོང་གིས་ཨ་རི་དང་རྒྱ་ནག་དབར་གྱི་དཀའ་རྙོག་ཆེ་བའི་གནད་དོན་ཁག་ཐོག་གྲོས་མོལ་གནང་རྒྱུའི་དུས་ཚོད་ཐོབ་མིན་ཚོད་དཔགས་དཀའ་ཡང་ཁོང་གིས་ཨ་རི་དང་རྒྱ་ནག་དབར་གྱི་སིལ་སྤོལ་འགྲན་བསྡུར་གཟིགས་མོར་བཅར་རྒྱུ་དང་རྐང་འཁོར་གྱི་འགྲན་བསྡུར་གནང་ཡུལ་དེར་རྐང་འཁོར་བཏང་ཐུབ་པའི་རེ་བ་གནང་གི་ཡོད་པ་རེད་ པེ་ཅིང་ནང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཧུ་དང་མཇལ་མོལ་དང་གསོལ་སྟོན་གནང་རྒྱུ་དང་ཡེ་ཤུའི་ཆོས་ཁང་ཞིག་ནང་ཆོས་ཞུ་གནང་རྒྱུའི་འཆར་གཞི་ཡང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org