རྒྱ་གཞུང་གིས་གསར་འགོད་ལས་ཁང་ལ་བསྒྱུར་བཅོས་འཆར་གཞི།
གསར་འགོད་ལས་ཁང་དང་དཔར་སྐྲུན་ལས་ཁང་ཁག་ལ་གཞུང་གིས་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཕྱོགས་ལ་བཅོས་བསྒྱུར་གཏོང་འཆར།
-
2009-04-07 -
-
-
༄༅༎རྒྱ་ནག་གཞུང་གིས་གསར་འགོད་ལས་ཁང་དང་དཔར་སྐྲུན་ལས་ཁང་ཁག་ལ་གཞུང་གིས་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཕྱོགས་ལ་བཅོས་བསྒྱུར་གཏོང་རྒྱུའི་འཆར་གཞི་གསར་པ་ཞིག་བཟོས་གནང་བའི་ནང་མ་འོངས་པར་གསར་འགོས་ལས་ཁང་དང་དཔར་སྐྲུན་ལས་ཁང་ཁག་གིས་གཞུང་ལ་རེ་མི་དགོས་པའི་ཐོག་སོ་སོའི་རྐང་པའི་སྒང་ལ་ལངས་ཐུབ་ཐབས་བྱེད་དགོས་པའི་ལམ་སྟོན་གནང་བཞག དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱི་རྒྱལ་གྱི་སྐད་ཡིག་ཐོག་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར།སྤྱི་ཚོགས་གནས་སྟངས་སོགས་འདོན་སྤེལ་བྱ་རྒྱུས་མཚོན་པའི་རྒྱ་བསྐྱེད་གང་ཐུབ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་འདུག བཅོས་བསྒྱུར་གཏོང་རྒྱུའི་འཆར་གཞི་གསར་པ་དེའི་དམིགས་ཡུལ་ཞིག་ནི་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱེད་བཞིན་པའི་སྲིད་ཇུས་དང་འགྲོ་བ་མིའི་ཐོབ་ཐང་དེ་མིན་གནས་ཚུལ་མང་པོ་ཞིག་གི་ཐོག་རྒྱ་ནག་ལ་སྐྱོན་བརྗོད་ཡོང་བཞིན་པ་དེར་རྒོལ་ལན་སློག་རྩིས་བྱས་པ་ཞིག་ཡིན་ལུགས་མཁས་དབང་ཚོས་གསུང་བཞག རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་གང་འདྲ་ཞིག་སྤེལ་ཀྱང་དེའི་ཚིག་དང་དོན་ལ་རྒྱ་ནག་གཞུང་གིས་བཏང་འཛིན་ནན་པོ་གནང་གི་ཡོད་པ་དང་གལ་སྲིད་རྒྱ་ནག་གཞུང་གི་འདོད་ཕྱོགས་དང་འགལ་བའི་གནས་ཚུལ་སྤེལ་ཚེ་བཀའ་ཉེས་ཕོག་ཡོད་པ་རེད།