མདོ་ཁམས་དཀར་མཛེས་ཁུལ་བོད་མི་བདུན་འཛིན་བཟུང་བྱས་པ།

མདོ་ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཉིན་གཉིས་ནང་ཁྱོན་བོད་མི་བདུན་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

༄༅༎ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་མདོ་ཁམས་དཀར་མཛེས་ཁུལ་ནས་ཕ་བཀྲིས་ཆོས་རྒྱལ་ལགས་དང་མ་བཀྲིས་སྒྲོལ་མ་ལགས་གཉིས་ཀྱི་བུ་ཕུན་ཚོགས་རབ་རྒྱལ་ལགས་དང་ཡང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་པད་མ་དབང་རྒྱལ་ལགས་ཀྱི་བུ་ལོ་གྲངས་ཉི་ཤུ་རྩ་གསུམ་ཡིན་པ་རིག་འཛིན་འོད་ཟེར་ལགས་དང་བཙུན་མ་གཉིས་དེ་བཞིན་བུ་མོ་ཆུང་ཆུང་གཉིས་བཅས་ཁྱོན་བོད་མི་བདུན་འཛིན་བཟུང་བྱས་འདུག

དཀར་མཛེས་ཁུལ་ད་ལོ་ས་ཞིང་འདེབས་ལས་མ་བྱས་པར་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་སྦྱར་ཡིག་མང་པོ་ཞིག་ཐོན་བཞིན་ཡོད་ནའང་རྒྱ་མིའི་འཛིན་སྐྱོང་བ་ཚོས་ས་ཞིང་རྨོས་དགོས་པའི་བཀའ་བཏང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org