རྒྱ་ནག་གིས་ཀིརྟི་དགོན་པའི་ཐོག་མུ་མཐུད་དམ་བསྒྲཊ་བྱེད་པ།

ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གི་དྲག་གནོན་དང་དམ་དྲག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པའི་གནས་ཚུལ།

༄༅༎ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གི་དྲག་གནོན་དང་དམ་དྲག་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པའི་གནས་ཚུལ་འབྱོར་གསལ་ནང་རྔ་པ་རྫོང་ རྨེའུ་རུ་མའི་རུ་ཆེན་གཉིས་པའི་ ཨུ་རྒྱན་ཚེ་རིང་ཚང་གིརང་ལོ་༢༣ལོན་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་འཕེལ་ལགས་དང་ ཡང་་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པརང་ལོ་༣༠ལོན་པའི་ཨ་ཀྱཱ་ཀྱཱ་ཞུ་བ་གཉིས་འཛིན་བཟུང་བཀག་ཉར་བྱས་འདུག་པ་དང་ཁོང་གཉིས་འཛིན་བཟུང་བྱས་པའི་ཟླ་ཚེས་དང་བཀག་ཉར་བྱ་ཡུལ་སོགས་གསལ་པོ་ཤེས་རྟོགས་མེད་པ་རེད

གོང་གསལ་གྱི་གནས་ཚུལ་དེ་བཞིནབཞུགས་སྒར་རྡ་རམ་ས་ལར་བཅའ་བཞུགས་ཀིརྟི་དགོན་པའི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀན་ཡག་ཚེ་རིང་ལགས་ཀྱིསའདི་གར་མཁོ་སྤྲོད་གནང་ཡོད་པ་དང་ཁོང་གིས་གསུངས་ན་གོང་གསལ་འཛིན་བཟུང་བཀག་ཉར་བྱས་པའི་ཁོང་ནསཨ་ཀྱཱ་ཞུ་བ་འཛིན་བཟུང་བྱ་དགོས་དོན་ནི། དེ་སྔོན་སྐུ་ཞབས་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེསམི་མང་གིས་སྒེར་ལངས་བྱེད་སྐབས་ལས་འགུལ་སྣེ་འཁྲིད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག  སྐུ་ཞབས་ཀན་ཡག་ཚེ་རིང་ལགས་ཀྱིས་གནས་ཚུལ་མུ་མཐུད་ངོ་སྤྲོད་གནང་པརཉེ་ལམ་ཕྱི་ཟླ་ ༥ ཚེས་ ༢༦ ཉིནས་གནས་རྒྱ་ནག་གཞུང་ནས་ ཀིརྟི་དགོན་པའི་དགེ་འདུན་པ་རྣམས་བསླུ་ཐབས་ཆེདཟླ་ཕོག་སྤྲོད་རྒྱུའི་ལས་འཆར་མགོ་བཙུགས་བྱས་རྗེསཟླ་ཕོག་ལེན་འདོད་ཡོད་་མིན་ལ་མ་སྟོད་པརཐབས་ཤེས་སྣ་ཚོགས་བརྒྱུད་ཟླ་ཕོག་ལེན་དུ་བཅུག་པ་དང་དགེ་འདུན་པ་༢༠ལྷག་ཙམ་གྱི་གཏན་ནས་ཟླ་ཕོག་མ་བླངས་པར་བརྟེན ཁོང་རྣམས་འཛིན་བཟུང་བྱས་བཀག་ཉར་བྱས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org