རྒྱ་གར་གྱིས་རྒྱ་ནག་ནས་ཐོན་པའི་ཕྲུ་གུའི་རྩེད་ཆས་བཀག་སྡོམ།

རྒྱ་གར་གཞུང་གིས་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་སོགས་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་པར་རྒྱ་ནག་གཞུང་གིས་སེམས་འཚབ་ཆེན་པོ་བྱེད་བཞིན་པ།

༄༅༎རྒྱ་གར་གཞུང་གིས་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་སོགས་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་པར་རྒྱ་ནག་གཞུང་གིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

རྒྱ་གར་གྱིས་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་སོགས་དངོས་ཟོག་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་དུས་ཡུན་ཐུང་ངུའི་ནས་བྱས་ཡོད་པ་དེར་སེམས་འཚབ་ཆེན་པོ་ཡོད་པ་དང་ཐག་གཅོད་དེས་ཡུལ་གཉིས་དབར་གྱི་ཚོང་འབྲེལ་ལ་གནོད་ཚབས་ཆེན་པོ་ཡོང་ཉེན་ཡོད་པའི་སྐོར་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཡོད་པ་རེད།

རྒྱ་གར་གཞུང་གིས་ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་གསུམ་ཉིན་ནས་བཟུང་དུས་ཡུན་ཟླ་བ་དྲུག་རིང་རྒྱ་ནག་ནས་རྒྱ་གར་ནང་ཕྲུ་གུའི་རྩེད་ཆས་སོགས་པའི་དངོས་ཟོག་ཁག་ཅིག་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་ཡོད་ཅིང་རྒྱ་གར་གཞུང་གིས་གསུང་ན་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་རྩེད་ཆས་སོགས་དངོས་ཟོག་ཁག་ཅིག་ནང་མིའི་གཟུགས་གཞིའི་འཕྲོད་བསྟེན་ལ་གནོད་ཚབས་ཡོད་པའི་རྫས་སྦྱོར་ཡོད་སྲིད་པའི་དོགས་གཞི་ཡོད་པར་བརྟེན་ནས་གནས་སྐབས་རིང་རྒྱ་ནག་གི་དངོས་ཟོག་དེ་རིགས་རྒྱ་གར་དུ་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་པ་གསུང་གི་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ད་རེས་རྒྱ་གར་གཞུང་གིས་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་སོགས་དངོས་ཟོག་ཁག་ཅིག་གནས་སྐབས་རྒྱ་གར་དུ་ནང་འདྲེན་བྱ་རྒྱུ་བཀག་སྡོམ་གྱི་སྲིད་ཇུས་འཛིན་ཡས་དེ་ནི་རྒྱ་གར་གྱི་རྩེད་ཆས་བཟོ་གྲྭ་ཁག་གིས་དེང་སྐབས་རྒྱ་གར་ནང་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་རྩེད་ཆས་འཕོན་ཆེ་ནང་འདྲེན་བྱེད་ཀྱི་ཡོད་པའི་དབང་གིས་འགན་བསྡུར་དང་འཐབ་རྩོད་འགོག་ཐབས་ཀྱི་དམིགས་ཡུལ་ཆེད་དུ་ཡིན་པའི་དགོངས་ཚུལ་གསུང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org