རྒྱ་ནག་ལ་གནམ་དམག་འབབ་ཚུགས་ལྔ་ཡོད་པ།
རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁུལ་དུ་རྒྱ་གར་ལ་དམིགས་ཏེ་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་རྟེན་གཞི་ཞིག་བཙུགས་ཡོད་འདུག
-
2011-03-12 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁུལ་དུ་རྒྱ་གར་ལ་དམིགས་ཏེ་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་རྟེན་གཞི་ཞིག་བཙུགས་ཡོད་ཁར། གནམ་གྲུ་འབབ་ཐང་ལྔ་དང་། མེ་འཁོར་ལྕགས་ལམ་བཏིང་བ་བཅས་ཀྱིས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་བཟོ་གཞིར་གྱུར་ཡོད་པ་རེད། ཕྱོགས་མཚུངས་རྒྱ་ནག་བཅིངས་འགྲོལ་དམག་མིས་བོད་ཀྱི་ས་ཁུལ་དུ་དྲག་པོའི་རྟེན་གཞི་འཕར་མ་བཟོ་སྐྲུན་བྱེད་བཞིན་པ་མ་ཟད། དེང་རབས་ཅན་གྱི་གནམ་དམག་གནམ་གྲུ་སོགས་འགྲེམས་འཇོག་བྱེད་ཀྱི་ཡོད་པ་རེད།
ལྷག་པར་དུ་འདི་ལོ་རྒྱ་ནག་གཞུང་གིས་དྲག་པོའི་སྔོན་རྩིས་འཆར་གཞིར་ཨ་རིའི་ཌོ་ལར་ཐེར་འབུམ་༩༡ལྷག་ཙམ་སྤར་ཆ་བྱས་ཡོད་སྟབས། རྒྱ་གར་གྱི་བདེ་སྲུང་ལས་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐུགས་འཚབ་ཡོད་པའི་སྐོར་རྒྱ་གར་གྲོས་ཚོགས་ནང་གླེང་སློང་གནང་བཞིན་པ་རེད།།