རྒྱ་ནག་གིས་བོད་ཀྱི་ལོ་དེབ་ཅེས་དྲིལ་བསྒྲགས་འགོ་འཛུགས་བྱ་རྒྱུ།

རྒྱ་ནག་གིས་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གཞུང་ལོ་དེབ་ཕྱོགས་སྒྲིག་འགོ་འཛུགས་བྱ་རྒྱུའི་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་བཞག།

༄༅༎རྒྱ་ནག་གིས་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གཞུང་ལོ་དེབ་ཕྱོགས་སྒྲིག་འགོ་འཛུགས་བྱ་རྒྱུའི་བཞུགས་མོལ་ཚོགས་འདུ་ཞིག་ཟླ་བ་འདིའི་ཚེས་༨ཉིན་རྒྱ་ནག་གི་མིན་ཛུ་གཙུག་ལག་སློབ་གྲྭ་ཆེན་མོར་ཚོགས་བཞག།

Tibetan Reviewའམ་བོད་གནས་སྐྱར་ཞིབ་ཞེས་པའི་དུས་དེབ་ནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་རྒྱལ་སྤྱིའི་མང་ཚོགས་ཀྱི་བསམ་ཚུལ་ཁ་སྒྱུར་བྱ་ཐབ་དང་བོད་དོན་སྐོར་ཁྱབ་པའི་དཀྲོག་གཏམ་དེ་ཚོར་ངོས་ལེན་མི་བྱེད་པའི་དོན་དུ་བོད་ཀྱི་རིག་གཞུང་སྐོར་གྱི་ལོ་དེབ་ཞིག་འདོན་སྤེལ་བྱ་རྒྱུ་ཡིན་སྐོར་ཕྱི་ཚེས་༡༠ཉིན་གྱི་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་གསར་ཤོག་ནང་གནས་ཚུལ་བཀོད་འདུག།

མིན་ཛུ་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གཉེར་ཁང་གི་ངེས་སྟོན་པ་ཚེ་རིང་མཐར་ལགས་ཀྱིས་ གོང་ཞུས་བཞུགས་མོལ་ཚོགས་འདུའི་ཐོག་འཐབ་ཕྱོགས་གཅིག་གྱུར་ཁང་དང༌། མིན་ཛུ་གཙུག་ལག་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་ཚན་པ་ཁག་གིས་རྒྱབ་གཉེར་འོག་ ཀྲུང་གོའི་བོད་ལྗོངས་རིག་གཞུང་དུས་དེབ་ཚོགས་ཆུང་གིས་ལོ་གསུམ་རིང་བོད་ཀྱི་རིག་གཞུང་ཕྱོགས་སྒྲིག་བྱས་པའི་དུས་དེབ་འདོན་སྤེལ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་པའི་སྐོར་འགྲེལ་བརྗོད་བྱས་པ་ རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་གིས་ལུང་འདྲེན་བྱས་བཞག།

ལོ་དེབ་དང་པོའི་ནང༌། དུས་རབས་༢༡པའི་ལོ་ངོ་བཅུ་ཕྲག་དང་པོའི་ནང་གི་ལོ་རྒྱུས་ཕྱོགས་བསྡོམས་བྱ་རྒྱུ་ཡིན་པ་དང༌། ༢༠༡༠ནས་འགོ་འཛུགས་ཀྱིས་ལོ་ལྟར་བོད་ཀྱི་རིག་གཞུང་སྐོར་གྱི་དུས་དེབ་དེ་མུ་མཐུད་འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་ཡོད་པ་དང༌། ལོ་དེབ་དེ་དང་པོ་རྒྱ་ཡིག་ནང་འདོན་སྤེལ་བྱས་རྗེས་རིམ་པས་བོད་ཡིག་དང་ཨིན་སྐད་གཉིས་ནང་ཕབ་བསྒྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org