རྒྱ་ནག་གིས་འབྲས་ལྗོངས་ས་མཚམས་ནང་སིམ་འཛུལ་བྱས་པ།
རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་གར་གྱི་འབྲས་ལྗོངས་ཀྱི་ས་མཚམས་ནང་སིམ་འཛུལ་བྱེད་བཞིན་ཡོད་པ་རེད་
-
2008-06-19 -
-
-
༄༅༎འབྲས་ལྗོངས་དེ་བཞིན་རྒྱ་གར་གཞུང་གི་མངའ་འོག་ཏུ་ཡོད་པའི་ངོས་འཛིན་གྱི་རྣམ་འགྱུར་ཐོན་བཞིན་དུ་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་གར་གྱི་འབྲས་ལྗོངས་ཀྱི་ས་མཚམས་ནང་སིམ་འཛུལ་བྱེད་བཞིན་ཡོད་པ་རེད་
རྒྱ་ནག་གི་མཐའ་མཚམས་དམག་མིས་རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་བྱང་ཕྱོགས་ཀྱི་རྩེ་མོར་གནས་པའི་མཛུབ་མོ་ས་ཁུལ་ཟེར་བའི་རྒྱ་གར་གྱི་ས་མཚམས་ནང་ཀི་ལོ་མི་ཀྲར་༡ཙམ་ནང་དུ་སིམ་འཛུལ་བྱས་འདུག ཐོག་མར་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱ་གར་གྱི་གསར་ཤོག་ཀྲའེམ་སི་ཨོཕཱ་ཨིན་ཌི་ཡ་ཞེས་པའི་ནང་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན་ འདི་ལོ་ཕྱི་ཟླ་དང་པོ་ནས་བཟུང་རྒྱ་ནག་གཞུང་གི་དམག་མིས་རྒྱ་གར་གྱི་འབྲས་ལྗོངས་དང་བོད་གཉིས་དབར་གྱི་ས་མཚམས་རིང་ཚད་ཀི་ལོ་མི་ཀྲར་༢༠༦ཙམ་ནང་དུ་སིམ་འཛུལ་བྱས་ཡོད་པ་དང་ དེ་བར་ས་མཚམས་དེའི་ཁུལ་དུ་རྒྱ་ནག་གཞུང་གིས་ཐེངས་༦༥ཙམ་སིམ་འཛུལ་བྱས་ཡོད་ལུགས་བཀོད་འདུག
རྒྱ་ནག་གཞུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་དྭགས་ལ་སོགས་པའི་ས་མཚམས་ཁག་གསུམ་ཙམ་བརྒྱུད་རྒྱ་གར་གྱི་རྩོད་གཞི་ཡོད་པའི་ས་མཚམས་ཁག་ནང་སིམ་འཛུལ་ཡང་ཡང་བྱེད་བཞིན་ཡོད་ལུགས་གནས་ཚུལ་ནང་མུ་མཐུད་འཁོད་འདུག