རྒྱ་ནག་ཏུ་སློབ་ཆེན་ཡིག་རྒྱུགས་ཀྱི་གསང་བ་རྐུ་འཁྱེར་བྱས་སྐོར།
ཡིག་རྒྱུཌ་རྐུ་འཁྱེར་བྱེད་མཁན་ཁྱིམ་བདག་མི་གྲངས་བརྒྱད་ལ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་བཙུཌ་ཐོག་ཁྲིམས་ཐག་བཅད་ཡོད་པ།
-
2009-04-03 -
-
-
༄༅༎རྒྱ་ནག་ནང་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་རྐུ་འཁྱེར་བྱེད་མཁན་ཁྱིམ་བདག་མི་གྲངས་བརྒྱད་ལ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་བཙུགས་ཐོག་ནས་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་རྒྱ་ནག་གྲའ་ཅང་ཞིང་ཆེན་ནང་ཕྱི་ལོ་ཉིས་སྟོང་བདུན་ལོའི་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་གཏོང་མཁན་གྱི་སློབ་ཕྲུག་གི་ཁྱིམ་བདག་ཕ་མ་བརྒྱད་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཡིག་རྒྱུགས་ལོན་རྒྱུའི་ཆེད་ཁྱིམ་བདག་ཞིག་གིས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་གླས་ནས་ཡིག་རྒྱུགས་ཀྱི་དྲི་ལན་རྣམས་དེང་དུས་ཀྱི་ཚན་རིག་ལག་རྩལ་བེད་སྤྱད་ནས་ཆེས་སྔོན་ཐོན་ཅན་གྱི་ལག་ཐོག་ཁ་པར་སོགས་བརྒྱུད་ནས་ཡིག་རྒྱུགས་གཏོང་བཞིན་པའི་རང་ཉིད་ཀྱི་ཕྲུ་གུར་ཡིག་རྒྱུགས་གི་དྲི་བའི་ལན་བསྐུར་བའི་གནས་ཚུལ་རྒྱ་ནག་གསང་བའི་ལས་ཁང་གིས་ཤེས་རྟོག་བྱུང་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་འཁོད་ཡོད་པ་རེད། གོང་ཞུས་ཕ་མ་དེ་དག་ལ་ཁྲིམས་ཞིབ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ནག་ཉེས་ཡོད་པར་ཁྲིམས་ཐོག་ནས་ཐག་གཅོད་བྱས་ཏེ་ཁོང་ཚོར་བཙོན་འཇུག་ཟླ་བ་དྲུག་ནས་ལོ་གསུམ་བར་ཁྲིམས་ཐག་བཅད་ཡོད་པ་དང་ཡིན་ནའི་སློབ་ཕྲུག་དེ་དག་ལ་ཉེས་པ་ག་རེ་སྤྱད་མིན་ཁ་གསལ་བཏོན་མེད་པ་རེད།