རྒྱ་གཞུང་ནས་དབྱིན་ཡིག་གི་ཚགས་ཤོག་གསར་པ་འགྲེམས་སྤེལ།
རྒྱ་ནག་གུང་ཁྲན་ཚོགས་པས་ཚོགས་པའི་འདོད་ཚུལ་མཚོན་པའི་དབྱིན་ཇིའི་སྐད་ཡིག་གི་ཚགས་ཤོག་ཅིག་གསར་དུ་འགྲེམས་སྤེལ་བྱེད་འགོ་ཚུགས།
-
2009-04-20 -
-
-
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གུང་ཁྲན་ཚོགས་པ་དང་རྒྱ་ནག་གི་དཔོན་རིགས་ཚོའི་འདོད་ཚུལ་ནུབ་ཕྱོགས་ཕྱི་རྒྱལ་མི་མང་ཁྲོད་དྲིལ་བསྒྲགས་ཡོང་རྒྱུའི་དམིགས་ཡུལ་གྱི་ཆེད་གཟའ་ཟླ་བའི་ཉིན་རྒྱ་ནག་གུང་ཁྲན་ཚོགས་པས་ཚོགས་པའི་འདོད་ཚུལ་མཚོན་པའི་དབྱིན་ཇིའི་སྐད་ཡིག་གི་ཚགས་ཤོག་ཅིག་གསར་དུ་འགྲེམས་སྤེལ་བྱེད་འགོ་ཚུགས་ཡོད་པ་རེད།
ཨེ་པིའི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་པར་གཞིགས་ན་རྒྱ་ནག་གུང་ཁྲན་ཚོགས་པས་དབྱིན་ཡིག་ཚགས་ཤོག་རྒྱལ་སྤྱིའི་དུས་བབ་རྩོམ་སྒྲིག་པའི་གཏམ་ཞེས་པ་ཞིག་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་བྱེད་ཡས་དེ་བཞིན་དེང་སྐབས་རྒྱ་ནག་གཞུང་གིས་རང་ཕྱོགས་ཀྱི་འདོད་ཚུལ་དང་ལྷག་པར་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་།བོད་ཀྱི་གནད་དོན་སོགས་ཀྱི་སྐོར་རྒྱ་ནག་གཞུང་ཕྱོགས་ཀྱི་ལྟ་སྒྲུབ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཀྱི་ལས་གཞི་ཞིག་སྤེལ་བཞིན་པ་དེའི་ཆ་ཤས་ཤིག་ཡིན་པ་དང་གསར་འགྱུར་བརྒྱུད་ལམ་ཐོག་ནས་རྒྱ་གཞུང་གིས་ཤེས་ཡོན་དང་རིག་གཞུང༌།ལུས་རྩལ་ཉམས་མྱོང་སྤེལ་རེས་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ན་ནིང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་ན་ཡང་ནུབ་ཕྱོགས་མི་མང་ཚོས་དོ་སྣང་དང་ཡིད་ཆེས་བྱེད་མཁན་དེ་ཙམ་ཡོང་གི་མེད་པར་བརྟེན་ནས་ད་རེས་ཐབས་ལམ་གསར་པ་ཞིག་བརྒྱུད་ནས་རྒྱ་ནག་གུང་ཁྲན་ཚོགས་པའི་དཔོན་རིགས་ཚོའི་འདོད་ཚུལ་རྒྱལ་སྤྱིའི་ཐོག་བཏོན་ཐབས་བྱེད་ཀྱི་ཡོད་པ་འཁོད་འདུག