བོད་ལ་བཅིངས་བཀྲོལ་ཟེར་བ་བཏང་ནས་ལོ་ལྔ་བཅུའི་དུས་དྲན།

རྒྱ་ནག་གཞུང་གིས་བོད་ལ་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཟེར་བར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་སྣ་ཚོགས་སྤེལ་འཆར།

༄༅༎རྒྱ་ནག་གཞུང་གིས་བོད་ལ་བཅིངས་བཀྲོལ་ཟེར་བ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་སྲུང་རྩིའི་མཛད་སྒོ་སྣ་ཚོགས་སྤེལ་ཡོད་པ་དང་དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ནང་གི་དཔོན་རིགས་དང་རྒྱ་ནག་གཞུང་གིས་འདེམས་བསྐོ་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དེ་མིན་བོད་ཀྱི་ཞིང་འབྲན་གྱི་སྐུ་ཚབ་ཡིན་ཟེར་བའི་མི་སྣ་ཁག་ཅིག་འདུ་འཛོམས་ཀྱིས་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཟེར་བ་དེར་སྲུང་བརྩི་ཞུས་ཡོད་ཅིང་དེའི་ཐོག་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་རྒྱལ་མཚན་ནོར་བུས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་ཀྱི་ལོ་རྒྱུས་ཐོག་སྤྱི་ཚོགས་གནས་སྟངས་ལ་འགྱུར་ལྡོག་ཆེ་ཤོས་བྱུང་ཡོད་ལུགས་བཤད་ཡོད་པ་དང་དེ་མིན་ཚོགས་བཞུགས་མི་སྣ་ཚོས་ཀྱང་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་བོད་ཀྱི་སྤྱི་ཚོགས་ལ་གནམ་ས་ཀླ་འོག་གི་འགྱུར་ལྡོག་བྱུང་ཡོད་ལུགས་སོགས་རྒྱུན་དུ་ནས་བཤད་བཞིན་པ་རྣམས་བསྐྱར་བཤད་བྱས་ཡོད་པ་རེད། དེ་མིན་རྒྱ་ནག་གཞུང་གིས་གཟའ་སྤེན་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ལ་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཟེར་བར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་སྣ་ཚོགས་སྤེལ་འཆར་ཡོད་པ་དང་ཡིན་ནའི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གང་སར་དམག་མི་དང་དྲག་ཆས་ཉེན་རྟོག་དམག་མི་སོགས་འགྲེམས་འཇོག་བྱས་ནས་མཛད་སྒོར་བཞུགས་མཁན་གཞུང་གིས་འདེམས་སྒྲུག་བྱས་པ་ཚོ་མ་ཏོག་དེ་མིན་མང་ཚོགས་རང་ཁྱིམ་དུ་འདོད་དགོས་པ་ལས་ཕྱི་ལ་གང་བྱུང་བསྐྱོད་རྒྱུར་དམ་དྲག་གི་ཉེན་བརྡ་བཏང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org