བོད་ནང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་ལུགས།

རྒྱ་ནག་གིས་བསྐོ་བཞག་བྱས་པའི་པེན་ཆེན་རྒྱལ་མཚན་ནོར་བུས་བོད་མི་ཚོས་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

༄༅༎རྒྱ་ནག་གཞུང་གིས་པེན་ཆེན་སྐུ་ཕྲེང་བཞུ་པའི་ཡང་སྲིད་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུས་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིདི་འོག་བོད་ནང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དེར་བོད་མི་ཚོས་དགའ་སྤོབ་སྐྱེས་དགོས་པ་དང་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བྱས་པའི་སྐོར་དེ་རིང་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་པེ་ཅིང་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ལུངུ་འདྲེན་བྱས་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་དུས་ཟིང་གི་དོན་རྐྱེན་བྱུང་བའི་རྗེས་རྒྱལ་མཚན་ནོར་བུས་བཤད་པའི་བོད་ནང་བདེ་སྐྱིད་ཡོད་པ་དང་དེ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པ་བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་དགོས་པའི་སྐོར་གྱི་སྐད་ཆ་དེ་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་ཐོག་གདོན་རྒྱུ་ཡིན་པ་རེད། ད་དུང་དེ་རིང་གི་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལའང་རྒྱལ་མཚན་ནོར་བུའི་སྐད་ཆ་ལུང་འདྲེན་བྱས་ཏེ་ད་ལྟའི་བོད་ཀྱི་སྤྱི་ཚོགས་བདེ་སྐྱིད་དང་འཛུགས་སྐྲུན་ཡར་རྒྱས་ཀྱི་གྲུབ་འབྲས་དེ་ལྟ་བུ་བྱུང་བ་ནི་གུང་ཁྲན་ཏང་ཡིན་པ་དང་མ་འོངས་པར་ཡང་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྔར་ལས་མདུན་ལམ་བཟང་བ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་རྒྱུ་ཡིན་ཞིང་དགོན་སྡེ་ཁག་ཏུ་དགེ་འདུན་པ་དང་བཙུན་མ་ཚང་མ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ནང་ཞུགས་ཏེ་གཞུང་གི་ཁྲིམས་དང་སློབ་གསོའི་ལས་དོན་རྣམས་སློབ་སྦྱོང་བྱ་དགོས་པ་དང་ནང་ཆོས་སློབ་གཉེར་ལ་གཟབ་ནན་བྱ་དགོས་པ་སོགས་བཤད་ཡོད་པ་བཀོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org