བོད་ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐོར།

རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་ཚོའི་བདེ་སྡུག་ལ་བལྟ་རྟོགས་བྱུ་རྒྱུ་དེ་ནི་ཨོ་ལིམ་པིག་མགྲོན་བདག་བཟང་པོ་ཞིག་བྱ་རྒྱུའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་ལུགས་གསུངས་འདུག

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་སི་ཁྲིན་ཞིང་ཅེན་ནང་གི་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་ཚོའི་བདེ་སྡུག་ལ་བལྟ་རྟོགས་བྱུ་རྒྱུ་དེ་ནི་ ཨོ་ལིམ་པིག་མགྲོན་བདག་བཟང་པོ་ཞིག་བྱ་རྒྱུའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་ལུགས་གསུངས་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད་

ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་ས་ཡོམ་འགུལ་ཚད་གྲངས་བརྒྱད་ཙམ་ཞིག་རྒྱབ་པའི་འོག་ད་བར་མི་གྲངས་དྲུག་ཁྲི་དགུ་སྟོང་ཙམ་རྐྱེན་ལམ་ཕྱིན་ཡོད་པ་དང་ ད་དུང་མི་གྲངས་ཆིག་ཁྲི་བདུན་སྟོང་ཙམ་གར་སོང་ཆར་མེད་དུ་སོང་ཡོད་ཅིང་ སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་དེའི་ནང་གི་མི་གྲངས་ས་ཡ་བཅོ་ལྔ་ཙམ་གྱི་སྡོད་ཁང་མེད་པ་ཆགས་ཏེ་ ད་ལྟ་འཕྲལ་སེལ་སྡོད་སྒར་ཁག་གི་ནང་གནས་མུས་ཡིན་པ་རེད་

རྒྱ་ནག་ནང་ཨོ་ལིམ་པིག་ཚུགས་རྒྱུར་གཟའ་འཁོར་བདུམ་ཙམ་ལས་མེད་ཅིང་ ས་ཡོམ་བྱུང་ཡུལ་གྱི་ས་གནས་ཁག་ཏུ་ས་གནས་ཡུལ་མི་ཚོས་རྒྱ་ནག་གཞུང་ནས་ཞིབ་འཇུག་ཚད་ལྡན་དགོས་ལུགས་ནན་བརྗོད་བྱེད་བཞིན་ཡོད་ཅོང་ ས་གནས་ཡུལ་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་འགོག་ཐབས་བྱ་རྒྱུར་ཉེན་རྟོག་པས་ཁྱོན་ཆེ་འགྲེམས་འཇོག་བྱས་ཡོད་པ་རེད་ སྲིད་འཛིན་ཧུ་ཅིན་ཐའོ་ཡིས་ ང་ཚོས་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་ཚོར་བལྟ་རྟོགས་ཚུལ་བཞིན་བྱེད་དགོས་པ་དང་ ཨོ་ལིམ་པིག་མ་ཚུགས་སྔོན་གྱི་ཁོར་ཡུག་བཟང་པོ་ཞིག་འབྱུང་རྒྱུར་ ཁོང་ཚོར་གང་མགྱོགས་སྡོད་ཁང་མཁོ་སྤྲོད་བྱེད་ཐུབ་པ་དགོས་ཀྱི་རེད་ཅེས་བརྗོད་ཡོད་འུདུག་ལ་ དེ་བཞིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ སྲིད་འཛིན་ཧུ་ཇིན་ཏའོས་ ང་ཚོས་དཀའ་ངལ་ཇི་འདྲ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཆགས་རུང་ གྲངས་ཉུང་མི་རིགས་ཀྱི་མངོན་འདོད་འགྲུབ་དགོས་ལ་ དེ་མཚུངས་ང་ཚོས་འཛམ་གླིང་ཐོག་ཨོ་ལིམ་པིག་གི་མགྲོན་བདག་ཡག་པོ་ཞིག་བྱ་རྒྱུའི་ཁས་ལེན་བྱས་པ་དེ་ཡང་ལག་བསྟར་དོན་འཁྱོན་ཐུབ་པ་ཞིག་དགོས་ཀྱི་རེད་ཅེས་བརྗོདའདུག།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org