རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་འཆར་གཞི།

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིཌ་ཐོག་འདུ་ཤེས་འཛིན་བཏང་ཡག་ཏུ་གཏོང་རྒྱུ་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་འཆར་གཞི་བཏོན་འདུག

༄༅༎རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་འདུ་ཤེས་འཛིན་བཏང་ཡག་ཏུ་གཏོང་རྒྱུ་དང་བཙོན་པ་ཚོར་གདུག་སྦྱོང་མནར་གཅོད་གཏོང་རྒྱུ་མིན་པའི་ཁས་ལེན་བྱས་ཏེ་ཁ་ས་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་གྱི་འཆར་གཞི་ཐོག་མ་དེ་བཏོན་ཡོད་རུང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་གོང་འཕེལ་གཏོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན་སྐོར་བརྗོད་ཡོད་པ་རེད།

འཛམ་གླིང་གི་ཡུལ་ཁག་མང་པོ་ཞིག་དང་ལྷག་པར་དུ་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་བཙན་ཤུགས་ཆེན་པོས་དཔལ་འབྱོར་བཅོས་སྒྱུར་གོང་འཕེལ་གཏོང་ཐབས་བྱས་ཡོད་རུང་ཕྱོགས་གཞན་ཞིག་ནས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ཆོས་དད་རང་དབང་སོགས་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་ནའང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེ་ཚོ་གཡོལ་ཐབས་སུ་གཞི་རྩའི་འཆར་མང་ཚོགས་ས་ཡ་མང་པོའི་འཚོ་བ་ཡར་རྒྱས་གཏོང་ཕྱོགས་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།

གཞུང་འབྲེན་ཤིན་ཧཱ་གསར་ལས་ཁང་གིས་འགྲེམས་སྤེལ་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ལོ་གཉིས་ཀྱི་ལས་འཆར་ཡིག་ཆའི་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་འཛིན་བཟུང་དང་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཐད་དོ་སྣང་ཆེ་ཙམ་བྱ་རྒྱུ་དང་གྲངས་ཉུང་མི་རིགས་དང་བུད་མེད་ལས་མེད་མི་དམངས་དང་དབང་པོ་སྐྱོན་ཅན་ཚོའི་འཚོ་བའི་གནས་སྟངས་བཟང་དུ་གཏོང་ཐབས་བྱ་རྒྱུའི་ཐོག་ཤུགས་སྣོན་རྒྱབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་ནའང་གཞི་རྩའི་མང་ཚོགས་ལ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐོབ་ཐང་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org