འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གོ་གནས་ཕབ་པ།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལང་ཁང་གི་འགན་འཛིན་པི་ཧཱ་གོ་གནས་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག

༄༅༎རྒྱ་ནག་གུང་ཁྲན་ཏང་གི་བོད་ཐོག་འཛིན་པའི་སྲིད་ཇུས་གཏན་འབེབས་ཀྱི་འགན་ཁུར་ལེན་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགན་འཛིན་པི་ཧཱ་གོ་གནས་ནས་ཕྱིར་འབུད་བཏང་ཡོད་པའི་སྐོར་མིང་འདོན་བྱ་འདོད་མེད་པའི་ཁུངས་ལྡན་གྱི་འབྱུང་ཁུངས་ཁག་གཉིས་ནས་རོ་ཨི་ཀྲར་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་འདུག

རྒྱ་ནག་གུང་ཁྲན་ཏང་ཏི་འཐབ་ཕྱོགས་གཅིག་གྱུར་ཞེས་པའི་ལས་ཁང་དེས་རྒྱ་ནག་ནང་གྲངས་ཉུང་མི་རིགས་དང་འབྲེལ་བའི་གནད་དོན་གང་ཅིའི་ཐད་སྲིད་ཇུས་གཏན་འབེབས་དང་ལག་བསྟར་གྱི་འགན་འཁུར་གཙོ་བོ་བཞེས་ཀྱི་ཡོད་ཅིང་ལས་ཁུངས་དེའི་ཡན་ལག་སྡེ་ཚན་བདུན་པ་ཟེརབ་དེར་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་འགན་འཁུར་ཡོད་པ་རེད་ལ་ད་རེས་གོ་གནས་ཕབ་པའི་མཐོ་རིམ་ལས་བྱེད་བེུད་པི་ཧཱ་ཟེར་བ་ཁོང་སྡེ་ཚན་བདུན་པའི་འགན་འཛིན་ཡིན་པ་རེད། ཁོང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་སྡེ་ཚན་བདུན་པའི་འགན་འཛིན་གྱི་གོ་གནས་ནས་ཕྱིར་འབུད་བཏང་དགོས་པའི་རྐྱེན་རྩ་ཇི་ཡིན་རྒྱུ་མཚན་གསལ་རྟོགས་མེད་པ་རེད། ཡིན་ཡང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གིས་ཉེ་དུས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ལྷན་དང་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་འགན་འཁུར་ཡོད་པའི་མཐོ་རིམ་མི་སྣ་ཞིག་གིས་བརྗོད་ན་རྒྱ་ནག་གཞུང་གི་ངོས་ནས་ད་ཕན་ཏཱ་ལའི་བླ་མའི་ལྷན་དང་འབྲེལ་གཏུགས་དང་བསམ་ཞིབ་གང་ཡོང་བྱས་པའི་རྗེས་ད་ཆ་མུ་མཐུད་བསམ་ཞིབ་བྱ་རྒྱུ་གང་ཡང་ལྷག་མེད་སྐོར་འགྲེལ་བརྗོད་བྱས་སྟེ་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་སྡེ་ཚན་བདུན་པའི་འགན་འཛིན་པི་ཧཱ་གིས་ལས་དོན་འཐུས་ཚང་བྱུང་མེད་ཚུལ་ཟུར་ཟའི་ཐོག་ནས་གོ་བརྡ་བཏང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org