༸གོང་ས་མཆོག་བགྲེས་ཡོལ་དགོངས་གཞིར་རྒྱ་ནག་གིས་ལྟ་ཚུལ།

༸གོང་ས་མཆོག་གིས་བགྲེས་ཡོལ་འགྲོ་རྒྱུ་ཡིན་ཞེས་གཏམ་བཤད་འདི་ནི་མགོ་བསྐོར་གཏོང་རྒྱུའི་སྲིད་བྱུས་ཤིག་རེད་ཅེས་རྒྱ་ནག་གིས་བཤད་འདུག

༄༅༎༸གོང་ས་མཆོག་གིས་བགྲེས་ཡོལ་འགྲོ་རྒྱུ་ཡིན་ཞེས་ཡང་སེ་གཏམ་བཤད་སྤེལ་བཞིན་པ་འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་བསྐོར་གཏོང་རྒྱུའི་སྲིད་བྱུས་ཤིག་རེད་ཅེས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུངས་འཕྲིན་ནང་། རིང་མིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚུགས་པའི་སྐབས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཕྱོགས་ཀྱི་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་བའི་ཐོག་ནས་བགྲེས་ཡོལ་ཕེབས་རྒྱུ་ཡིན་ལུགས་བཀའ་གནང་བ་དེའི་ཐོག་དེ་རིང་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་བསམ་ཚུལ་འདྲི་པའི་སྐབས་

ཇེང་ཡུས། འདས་པའི་ལོ་ཤས་ནས་བཟུང་རྒས་ཡོལ་འགྲོ་རྒྱུའི་ཐོག་གཏམ་བཤད་སྤེལ་ཡོད་རེད། ངའི་བསམ་པར་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་བསྐོར་རྒྱུའི་བྱུས་ཤིག་རེད་བསམ་གྱི་འདུག གཞི་ནས་བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ཡིན་པ་དང་། དེར་འཛམ་གླིང་ནང་སུས་ཀྱང་ངོས་ལེན་བྱེད་ཀྱི་ཡོད་མ་རེད། ༸གོང་ས་མཆོག་ནི་རྒྱུན་རིང་ནས་བཙན་བྱོལ་ནང་ཆོས་ཀྱི་ངོ་བོའི་ཐོག་ནས་རྒྱ་ནག་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུར་དམིགས་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་དང་། རང་བཙན་འཐབ་རྩོད་བྱེད་རྒྱུར་སྐུལ་སློང་སྤེལ་མཁན་གཙོ་བོ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org