རྒྱ་ནག་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་མཉམ་ལྷན་ཚོཌ་ཤིག་གོ་སྒྲིག།
རྒྱ་ནག་གཞུང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་མཉམ་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ཐད་ལྷན་ཚོགས་ཤིག་གོ་སྒྲིག་གནང་འཆར་ཡོད་པ།
-
2009-09-08 -
-
-
༄༅༎རྒྱ་ནག་གཞུང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་དབུ་ཁྲིད་གཉིས་ཀྱི་ལྷན་ཡུལ་གྲུ་གསུམ་གྱི་བར་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་ཐད་ལྷན་ཚོགས་ཤིག་གོ་སྒྲིག་གནང་འཆར་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་ཡིན་ནའི་ལྷན་ཚོགས་དེ་ག་དུས་གནང་མིན་དུས་ཚོད་གཏན་འཁེལ་གང་ཡང་མེད་པ་རེད།
ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱ་གར་ལ་གང་ཐུབ་བསུན་བཙིར་བཟོ་ཐབས་བྱེད་པ་དང་ཆབས་ཅིག་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཡུལ་ཁག་གཉིས་ཀྱི་ལྷན་དུ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱབ་ཀྱི་ཡོད་པའི་ཚོར་སྣང་ཞིག་མངོན་རྒྱུ་ཡོད་པ་དང་དེ་ཡང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཅང་ཡུའུ་ཡིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་ཡུལ་ཁག་གཉིས་ལྷན་གྲོས་མོལ་ལྷན་ཚོགས་དེ་གཙོ་སྐྱོང་གནང་རྒྱུ་ཡིན་ཞེས་དང་ལྷན་ཚོགས་དེའི་ནང་ཡུལ་ཁག་གསུམ་གྱི་བར་མ་འོངས་འབྲེལ་ལམ་སྐྱོང་ཕྱོགས་དང་འཛུགས་བསྐྲུན་དང་བརྟན་ལྷིངས་ཀྱི་ལས་འཆར་ལ་ཡུལ་ཁག་གསུམ་གྱི་ཐོག་ནས་ལས་འཁུར་ཆེ་ཙམ་བཞེས་ཕྱོགས་བཅས་ཀྱི་ཐད་བཀའ་བསྡུར་ཡོང་གི་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།
ཉི་ཧོང་གི་ཨ་ས་ཧི་ཤིམ་སྦུན་ཞེས་པའི་གསར་ཤོག་གིས་མིང་འདོན་མ་བྱས་པའི་རྒྱ་ནག་གི་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཞིག་གིས་ལྷན་ཚོགས་དེ་ཕྱི་ཟླ་བཅུ་པའི་ཚེས་བརྒྱད་ཉིན་རྒྱ་ནག་གི་ཏན་ཅིན་ཞེས་པའི་གྲོང་ཁྱེར་ནང་བསྐོང་ཚོགས་གནང་གི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།