རྒྱ་ནག་ལོ་ངོ་དྲུག་བཅུ་རྒྱལ་སྟོན་དུས་ཆེན་ལ་དམ་བསྒྲགས།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་དྲུག་བཅུ་འཁོར་བའི་དུས་སྟོན་སྐབས་དམིགས་བསལ་སྲུང་བྱ་དམ་པོ་ཞིག་བྱེད་འཆར་ཡོད་པ།
-
2009-06-10 -
-
-
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་དྲུག་བཅུ་འཁོར་བའི་དུས་སྟོན་སྐབས་རྒྱ་ནག་གཞུང་ལ་མང་ཚོགས་ཁྲོད་ནས་ངོ་རྒོལ་གྱི་ལས་འགུལ་མི་ཡོང་བའི་ཆེད་དམིགས་བསལ་སྲུང་བྱ་དམ་པོ་ཞིག་བྱེད་འཆར་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་དྲུག བཅུ་འཁོར་བའི་དུས་སྟོན་གྱི་སྲུང་བྱ་གྲ་སྒྲིག་གི་ཆེད་ཉེན་རྟོག་མི་སྣ་དང་དམག་མི་དྲག་གྲས་སྟོང་ཕྲག་མང་པོར་ཉེན་སྲུང་གི་ལས་རིགས་འདྲ་མིན་ཞིག་ཐད་གཟབ་སྦྱོང་བྱེད་འགོ་ཚུགས་ཡོད་པ་དང་སྲུང་སྐྱོབ་ཀྱི་རྒྱ་ནག་ལྕགས་རི་ཞེས་པའི་གཟབ་སྦྱོང་ལས་འཆར་དེའི་ནང་རྒྱ་ནག་གི་རྒྱལ་ས་བེ་ཅིང་མཐའ་བསྐོར་གྱི་སྲུང་སྐྱོབ་བྱེད་ཕྱོགས་ཐད་སྦྱོང་བརྡར་བྱེད་བཞིན་ཡོད་པ་བཀོད་ཡོད་པ་རེད།
དུས་སྟོན་གྱི་སྐབས་དང་སྔ་ནུབ་སོགས་ལ་ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་མང་ཚོགས་ཁྲོད་ནས་དྲག་ལས་སྤེལ་མཁན་ཡོང་སྲིད་པའི་འཇིགས་པ་བྱེད་ཀྱི་ཡོད་ཚུལ་ཤོད་ཀྱི་ཡོད་པ་དང་རྒྱ་ནག་ཉིན་རེའི་གསར་ཤོག་གིས་བརྗོད་ན་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་སྟོན་གྱི་སྲུང་བྱ་དེ་སྔ་ལོ་རྒྱ་ནག་ནང་གོ་སྒྲིག་ཞུས་པའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ཀྱི་སྲུང་བྱ་ལས་དམ་བསྒྲགས་ཆེ་བ་ཞིག་བྱ་རྒྱུ་ཡིན་པ་བཀོད་ཡོད་པ་རེད།