བོད་ཀྱི་མེ་ཏོག་རྫོང་དུ་གཞུང་ལམ་བཟོ་བསྐྲུན་སྐོར།

རྒྱ་ནག་གཞུང་གིས་བོད་ཀྱི་མེ་ཏོག་རྫོང་ཁུལ་དུ་མེ་ཏོག་གཞུང་ལམ་ཞེས་པ་འཛུགས་སྐྲུན་གྱི་ལས་གཞི་འགོ་བཙུགས་ཡོད་པའི་གནས་ཚུལ།

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་མེ་ཏོག་རྫོང་ཁུལ་དུ་མེ་ཏོག་གཞུང་ལམ་ཞེས་པ་འཛུགས་སྐྲུན་གྱི་ལས་གཞི་འགོ་བཙུགས་པ་དང་འཛུགས་སྐྲུན་དེར་རྒྱ་མིའི་སྒོར་མོ་ས་ཡ་༩༥༠སྔོན་རྩིས་འཆར་གཞི་ཡོད་པ་དང་ཕྱི་ལོ་༢༠༡༡ནང་གཞུང་ལམ་ཆ་ཚང་འཛུགས་སྐྲུན་ཟིན་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རྒྱ་ནག་གི་འཕྲིན་གཏོང་དྲ་རྒྱ་ཆའེ་ན་ཀྲི་སྦེཏ་ཨོན་ལའེན་ཞེས་པའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་གི་འགྲིམས་འགྲུལ་བློན་ཆེན་ལྦང་མེང་ཡོང་གིས་རྒྱ་ལམ་དེ་ནི་མེ་ཏོག་རྫོང་ནས་ཀྲག་མོ་བར་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་བོད་ཀྱི་ས་ཁུལ་དེ་ནི་རྒྱ་གར་དང་ས་མཚམས་འཁེལ་བ་དང་དེར་རི་བརྒྱུད་དུ་འགྲོ་ལམ་ཞིག་མ་གཏོགས་མེད་ཅིང་དེ་སྔ་ཕྱི་ལོ་༡༩༧༠དོན་གྲངས་ནས་བཟུང་སྟེ་ས་ཁུལ་དེའི་ནང་དུ་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཐེངས་བདུན་ཙམ་བྱས་ཡོད་ཀྱང་སྐབས་དེར་ལག་རྩལ་དང་དཔལ་འབྱོར་མི་འདེངས་བའི་ཐོག་ནས་འཛུགས་སྐྲུན་བྱེད་ཐུབ་མེད་པའི་སྐོར་བཤད་ཡོད་པ་རེད། མེ་ཏོག་རྫོང་གི་འགོ་ཁྲིད་ཡིན་པ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་འདི་གར་གཞུང་ལམ་མེད་པ་དང་ཡིག་ཟམ་མེད་པར་བརྟེན་ནས་འཛམ་གླིང་གི་ཕྱི་ཕྱོགས་ལ་འབྲེལ་ལམ་ཕྲན་བུ་ལས་བྱེད་ཐུབ་ཀྱི་མེད་པ་མ་ཟད་ཡུལ་མི་རྣམས་འགྲིམས་འགྲུལ་བྱེད་པའི་སྐབས་རྟ་སོགས་སེམས་ཅན་ལ་བརྟེན་ནས་འགྲིམས་འགྲུལ་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org