རྒྱ་ནག་གིས་བོད་ནང་དམག་སྦྱོང་བྱས་དགོས་པའི་དམིགས་ཡུལ།

བོད་ནང་རྒྱ་ནག་གཞུང་གིས་དམག་སྦྱོང་ཞིག་བྱས་ཡོད་པ་ནི་རྒྱ་གར་དང༌བོད་ནང་གི་རང་དབང་འཐབ་རྩོད་པ་ཚོར་རྡིག་སྐུལ་གྱི་ཉེན་བརྡ་རེད།

༄༅༎ཉེ་ལམ་བོད་ནང་རྒྱ་ནག་གཞུང་གིས་མདེའུ་མཚོན་ངོ་མ་བེད་སྤྱོད་བྱས་པའི་དམག་སྦྱོང་ཞིག་བྱས་ཡོད་པ་ནི། རྒྱ་གར་དང༌། བོད་ནང་གི་རང་དབང་འཐབ་རྩོད་པ་ཚོར་རྡིག་སྐུལ་གྱི་ཉེན་བརྡ་གཏོང་རྒྱུའི་ཆེད་དམིགས་པ་ཞིག་ཡིན་སྐོར། ཧོང་ཀོང་གི་གསར་ཤོག་The South China Morning Postཞེས་པའི་ཐོག་གནས་ཚུལ་སྤེལ་ཡོད་འདུག

དེ་ཡང་གསར་ཤོག་དེའི་ཐོག་འདི་ཚེས་༢ཉིན་འགྲེལ་བརྗོད་བྱས་པའི་ནང༌། ཉེ་ལམ་བོད་ནང༌རྒྱ་ནག་བཅིང་བཀྲོལ་དམག་མིས་ས་དམག་དང༌། མཁའ་དམག་གནམ་གྲུ། ལྕགས་ཁྲབ་འཁོར་ལོ་བཅས་ཀྱིས། མེ་མགྱོགས་དང༌། མེ་མདའི་མདེའུ་སོགས་ངོ་མ་བེད་སྤྱོད་བྱས་པའི་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱས་པ་དེ་ནི། རྒྱ་གར་ཕྱོགས་ནས་ཡུལ་དེའི་བྱང་ཕྱོགས་ས་མཚམས་ཁུལ་དུ་མཁའ་དམག་གནམ་གྲུའི་འབབ་ཐང་རྒྱ་སྐྱེད་དང་གསར་རྒྱག་བྱེད་བཞིན་པར་ཁ་གཏད་གདོང་ལེན་བཅོག་རྒྱུའི་ཆེད་དང༌། ཡང་ཉེ་ལམ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གིས། ཉི་ཧོང་དང༌། ལྦིཏ་ནམ། མ་ལ་ཡེ་ཤེ་ཡ་སོགས་ཀྱི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་བསྐྱོད་གནང་བ་དེ་དག་རྒྱ་ནག་མཐའ་སྐོར་བྱ་རྒྱུའི་དམིགས་ཡུལ་འཛིན་པར་ངོས་འཛིན་བྱས་པ་ལས་བྱུང་ཞིག་ཡིན་པ་མ་ཟད། བོད་ནང་གི་རང་དབང་འཐབ་རྩོད་པ་ཚོར་ཡང་རྡིག་སྐུལ་གྱི་ཉེན་བརྡ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org