རྒྱ་ནག་གཞུང་གིས་ཨ་རི་གཞུང་ལ་ཉེན་བརྡ་བཏང་ཡོད་པ།

རྒྱ་གཞུང་གིས་ཨ་རི་གཞུང་ལ་༸གོང་ས་མཆོག་གི་ཆིབས་བསྒྱུར་བཀག་འགོག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎ད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཅང་གཡུས་ཀྱིས་རྒྱ་ནག་ལ་བསྐོངས་ཚོགས་བྱས་པའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་དེའི་ཐོག་༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུའི་གནས་ཚུལ་དེའི་ཐད་ལ་གཏམ་བཤད་ཅིག་སྤེལ་ཏེ་ཨ་རིའི་གཞུང་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུར་བཀག་འགོག་བྱ་དགོས་པའི་རེ་བ་བཏོན་ཡོད་པ་མ་ཟད་ད་དུང་ཅང་གཡུས་ཀྱིས་ད་ལོའི་སྤྱི་ཟླ་བཅུ་པའི་ནང་༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱང་གནང་མཛད་སྐབས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་༸གོང་ས་མཆོག་དང་ཕན་ཚུན་མཇལ་འཕྲད་གནང་མི་རུང་བའི་ཉེན་བརྡ་ཡང་བཏང་འདུག་ལ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཅང་གཡུས་ཀྱིས་རྒྱ་ནག་གིས་ཁ་བྲལ་གྱི་བྱ་སྤྱོད་ཐམས་ཅད་ལ་སེམས་ཐག་གཙང་བཅད་ཀྱི་ངོ་རྒོལ་བྱ་རྒྱུ་ཡིན་ལ་དེ་དང་ཆབས་ཅིག་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཏྰ་ལའི་བླ་མ་དང་མཇལ་འཕྲད་མ་གནང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་དང་ད་དུང་ཁོ་མོས་ཏྰ་ལའི་བླ་མས་རྒྱལ་ཁབ་གང་འདྲ་ཞིག་གི་ནང་དུ་མིང་ཅི་འདྲ་ཞིག་ཁྱེར་ཏེ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་རྒྱུར་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་མ་ཟད་ད་དུང་ཅང་གཡུས་ཀྱིས་རྒྱ་ནག་གཞུང་གིས་ད་ཆ་ཨ་རིའི་ཕྱོགས་ནས་ཁ་དན་ཚིག་ལ་གནས་པ་བྱས་ཏེ་ཏྰ་ལའི་བླ་མས་ཨི་རིའི་ནང་ཁ་བྲལ་གྱི་ལས་འགུལ་སྤེལ་བཅུགས་མི་རུང་བའི་རེ་བ་ཡང་བཏོན་ཟིན་ཡོད་ཅེས་དང་གལ་ཏེ་ཨ་རིའི་གཞུང་གིས་ཁ་དན་ཚིག་ལ་མ་གནས་ཚེ་རྒྱ་ནག་དང་ཨ་རི་རྒྱལ་ཁབ་གཉིས་བར་གྱི་བདེ་འཇགས་དང་དཔལ་འབྱོར་མཉམ་ལས་ཀྱི་འབྲེལ་བར་གནོད་འཚེ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org