བར་སྣང་དུ་མེ་ཤུགས་འཕུར་མདེལ་འགོག་ཐབས་ལས་དོན་སྐོར།
རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་བར་སྣང་ཐོག་མེ་ཤུགས་འཕུར་མདེལ་འགོག་ཐབས་ཀྱི་ལས་དོན་ཁག་མཚམས་འཇོག་བྱེད་དགོས་ལུགས་ཉེན་བརྡ།
-
2009-08-12 -
-
-
༄༅༎རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་འཛམ་གླིང་གི་བར་སྣང་ཐོག་མེ་ཤུགས་འཕུར་མདེལ་འཕེན་རྒྱུ་དང་དེ་འགོག་ཐབས་ཀྱི་ལས་དོན་ཁག་མཚམས་འཇོག་བྱེད་དགོས་ལུགས་ཉེན་བརྡ་བཏང་ཡོད་པ་རེད།
དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་སྐོངས་འཚོགས་གནང་བའི་གོ་ལག་མཚམས་འཇོག་གི་ལྷན་ཚོགས་ཤིག་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་ཡིས་འཛམ་གླིང་གི་བར་སྣང་ཐོག་མེ་ཤུགས་འཕུར་མདེལ་འཕེན་རྒྱུ་དང་དེ་འགོག་ཐབས་ཀྱི་ལས་དོན་ཁག་མཚམས་འཇོག་མ་བྱས་པ་ཡིན་ན་དེས་འཛམ་གླིང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཐད་གནོད་འཚེ་བཟོ་ཉེན་ཆེན་པོ་ཡོད་ལུགས་བརྗོད་ཡོད་པ་རེད། ཡང་དབྱང་ཡིས་གསུངས་ན་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོར་ཇེ་སྦུ་ཤི་ཡིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཨི་རན་སོགས་ནས་མེ་ཤུགས་འཕུར་མདེལ་འགོག་ཐབས་སླད་རྒྱུན་རིང་ནས་གཏིང་བཞིན་པའི་འཆར་གཞིའི་ཐོག་ལ་ད་ཆ་ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྦ་རཀ་ཨོ་སྦ་མ་མཆོག་ནས་ཀྱང་མུ་མཐུད་ཞིབ་འཇུག་གནང་བཞིན་ཡོད་པ་རེད། དེ་བཞིན་དབྱང་ཡིས་རྒྱ་ནག་དང་ཨུ་རུ་སུ་དབར་འཛམ་གླིང་བར་སྣང་ཐོག་མེ་ཤུགས་འཕུར་མདེལ་བེད་སྤྱོད་བྱེད་རྒྱུའི་ལས་འཆར་འགོག་ཐབས་སླད་ཆིངས་ཡིག་འཇོག་རྒྱུའི་གྲོས་འཆར་བཏོན་ཡོད་ནའང་ཨ་མི་རི་ཀའི་གཞུང་ནས་ལས་དོན་དེའི་ཐད་ཁས་ལེན་གནང་གི་མེད་པ་རེད་ཅེས་བརྗོད་འདུག།