རྒྱ་ནག་མཐོ་རིམ་ལས་བྱེད་པ་ཚོའི་གླ་ཆ་ཉུང་དུ་གཏང་རྒྱུ།
རྒྱ་ནག་ནང་དངུལ་ཁང་དང་དཔལ་འབྱོར་བདག་གཉེར་ལས་ཁུངས་ཁག་གི་ལས་བྱེད་ཚོའི་གླ་ཆ་བརྒྱ་ཆ་བཅུ་ཙམ་ཉུང་དུ་གཏང་རྒྱུའི་བཀའ་རྒྱ།
-
2009-04-11 -
-
-
༄༅༎རྒྱ་ནག་ནང་གི་ཞིང་ཆེན་ཁག་སོ་སོའི་ནང་མངའ་སྡེའི་གཞུང་གིས་བདག་གཉེར་བྱེད་པའི་དངུལ་ཁང་དང་དཔལ་འབྱོར་གྱི་གཏན་བྱའི་འགན་ལེན་སོགས་ཀྱི་ལས་ཁུངས་དེ་ཚོའི་མཐོ་རིམ་ལས་བྱེད་པ་དེ་ཚོའི་གླ་ཆ་ཆུང་དུ་གཏང་དགོས་པའི་སྐོར་རྒྱ་ནག་གི་རིམ་པ་གོང་མའི་འགོ་ཁྲིད་ཀྱི་བཀའ་རྒྱ་བཏང་ཡོད་པ་རེད། གང་ཡིན་ཟེར་ན་ད་ཕན་རྒྱ་ནག་གི་ནང་དཔལ་འབྱོར་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་བའི་རྗེས་ད་ཆ་ཡུལ་མི་ལས་མེད་ས་ཡ་ཉི་ཤུ་ཙམ་གྱི་ལས་ཀའི་གོ་སྐབས་ཤོར་ནས་ལས་མེད་དུ་གྱུར་ཡོད་པ་རེད།
ཡང་ཕྱོགས་གཞན་ཞིག་ནས་གོང་ཞུས་ལྟར་གཞུང་གི་དངུལ་ཁང་དང་དཔལ་འབྱོར་བདག་གཉེར་གྱི་ལས་ཁུངས་དེ་ཚོའི་ལས་བྱེད་པའི་གླ་ཕོག་ནུབ་ཕྱོགས་པའི་ཡུལ་མིའི་གླ་ཕོག་ནང་བཞིན་ལོ་རེར་ཌོ་ལར་རྩིས་ན་ཌོ་ལར་༥༨༥༠༠ཙམ་སྤྲོད་ཀྱི་ཡོད་པ་དང་སྤྱིར་སྟངས་རྒྱ་ནག་གི་ལས་བྱེད་པ་བྱིངས་ཚོའི་གླ་ཕོག་ནི་ལོ་རེར་ཆ་སྙོམ་བྱས་ན་ཌོ་ལར་༢༢༠༠ཙམ་ལས་མེད་པས་ཡུལ་མིའི་གླ་ཕོག་གི་བར་ཁྱད་ཧ་ཅང་གི་ཆེན་པོ་ཡོད་པར་བརྟེན་སྤྱི་ཚོགས་ནང་དཔལ་འབྱོར་གྱི་དཀའ་ངལ་གྱི་གནས་སྟངས་འོག་དངུལ་ཁང་དང་དཔལ་འབྱོར་བདག་གཉེར་ལས་ཁུངས་དེ་ཚོའི་ལས་བྱེད་ཚོའི་གླ་ཆ་བརྒྱ་ཆ་བཅུ་ཙམ་ཉུང་དུ་གཏང་རྒྱུའི་བཀའ་རྒྱ་བཏང་ཡོད་པ་རེད། རྒྱ་ནག་ནང་དངུལ་ཁང་དང་དཔལ་འབྱོར་བདག་གཉེར་ཁང་མང་ཆེ་བ་གཞུང་གིས་བདག་གཉེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞག།