དབུ་མའི་ལམ་དེ་རྒྱ་གཞུང་གིས་ཁས་ལེན་བྱ་ཐབས་མེད་ལུགས།

རྒྱ་གཞུང་གི་བོད་རིགས་ལྔ་ལས་སྒྲུབ་པའི་ཚོགས་པས་དབུ་མའི་ཐབས་ལམ་དེ་ཁས་ལེན་བྱེད་ཐབས་མེད་ལུགས་བསྐྱར་བཤད་བྱས་ཡོད་པ་རེད།

༄༅༎ཉེ་དུས་ཨ་རི་དང་ཁེ་ན་ཌ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ཅིག་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཡང་དག་པ་ཡིན་ལུགས་དྲིལ་བསྒྲགས་ཆེད་ཕེབས་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་གྲས་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་སྣེ་ཁྲིད་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བོད་རིགས་ལྔ་ལས་སྒྲུབ་པའི་ཚོགས་པ་དེས་གཟའ་པ་སངས་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་ནང་གསར་འགོད་ལྷན་ཚོགས་ཤིག་སྤེལ་ཡོད་པ་དང་དེའི་ཐོག་ཤིང་རྩ་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་༸གོང་ས་མཆོག་གིས་འཛིན་གནང་མཛད་པའི་ལམ་དབུ་མ་ཟེར་བ་དེ་ནི་བོད་ཆེན་པོ་ཞེས་པ་དེ་ཡིན་པ་དང་དེ་ནི་རྒྱ་ནག་གི་ཞི་ཆ་གཅིག་གི་ས་ཁོངས་ཚུད་ཀྱི་ཡོད་པ་མ་ཟད་བོད་ཀྱི་ལོ་རྒྱུས་ཐོག་བོད་ཆེན་པོ་ཟེར་བ་དེ་འདྲ་བྱུང་མྱོང་མེད་ལུགས་སོགས་བཤད་ནས་ལམ་དབུ་མའི་ཐབས་ལམ་དེ་རྒྱ་ནག་དབུས་གཞུང་གིས་ཁས་ལེན་བྱེད་ཐབས་མེད་ལུགས་རྒྱ་ནག་གི་དཔོན་རིགས་ཚོས་རྒྱུན་དུ་བཤད་བཞིན་པའི་སྐད་ཆ་དེ་དག་བསྐྱར་བཤད་བྱས་ཡོད་པ་རེད།

དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཕྱི་རྒྱལ་ཁག་ཏུ་རྒྱ་ནག་གཞུང་ཕྱོགས་ཀྱི་ལྟ་སྤྱོད་དྲིལ་བསྒྲགས་བྱེད་ཡས་ཀྱི་ལས་དོན་འཐུས་གུ་ཚང་དུ་བཏང་ནས་རྒྱ་ནག་གཞུང་གིས་བོད་རིགས་དཔོན་རིགས་ཁག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཞིག་ཡིན་ལུགས་དྲིལ་བསྒྲགས་ཐུབ་ཐབས་བྱེད་བཞིན་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org