རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་མིར་རྨས་སྐྱོན།
རྒྱ་མིའི་ཉེན་རྟོག་པས་ཁམས་ཉ་རོང་གི་མི་མང་ཐོག་མེ་མདའ་གང་བྱུང་རྒྱབ་པའི་རྐྱེན་གྱིས་བོད་མི་འགའ་ཤས་ལ་རྨས་སྐྱོན་དང་མི་དགུ་འཛིན་བཟུང་།
-
2009-04-20 -
-
-
༄༅༎རྒྱ་ནག་གི་དྲག་པོའི་དཔུང་དམག་དང་སྤྱི་བདེ་མི་སྣས་ཁམས་ཉ་རོང་གི་མི་མང་ཐོག་མེ་མདའ་གང་བྱུང་རྒྱབ་པའི་རྐྱེན་གྱིས་བོད་མི་འགའ་ཤས་ལ་རྨས་སྐྱོན་དང་མི་གྲངས་དགུ་ཞིག་འཛིན་བཟུང་བྱས་ཡོད་པ་རེད།
དོན་རྐྱེན་དེ་ཕྱི་ཚེས་བཅོ་ལྔ་ཉིན་བྱུང་ཡོད་པ་དང་བཙན་བྱོལ་བོད་གཞུང་སྤྱི་འཐུས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས་གནས་ཚུལ་དེ་བྱུང་རྐྱེན་ནི་བོད་མི་རྣམས་ཀྱིས་དེ་སྔོན་རྒྱ་གཞུང་གིས་ཁོང་ཚོའི་ཁོངས་ཀྱི་མི་གསུམ་འཛིན་བཟུང་བྱས་པ་དེ་དག་གློད་བཀྲོལ་ཡོང་རྒྱུའི་ཆེད་ཞི་བའི་ངོ་རྒོལ་གནང་སྐབས་དྲག་ཆས་དཔུང་དམག་གིས་མེ་མདའ་གང་བྱུང་རྒྱབ་པ་ཞིག་ཡིན་སྐོར་གསུང་འདུག
རྒྱ་གཞུང་གིས་དམ་བསྒྲགས་དང་བཙན་གནོན་ལ་མ་འཛེམས་པར་ཉ་རོང་ཁུལ་གྱི་བོད་མི་གཞན་བཞིན་འདི་ལོའི་སྟོན་ཐོག་འདེབས་ལས་མ་བྱེད་རྒྱུའི་ལས་འགུལ་དེ་རྣོ་ངར་ལྡན་པའི་ཐོག་སྤེལ་བཞིན་ཡོད་སྐོར་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསུང་འདུག
གོང་ཞུས་ཉ་རོང་ཁུལ་གྱི་བོད་མི་འཛིན་བཟུང་བྱས་པ་རྣམས་ཀྱི་མཚན་ཐོ་ནི་མགོན་པོ་ཚེ་དབང་དང་ཡི་དགའ།ཨ་ལོ།གྲགས་པ།ཟླ་བ་གྲགས་པ།རྒྱལ་བཤད།ལྐལ་དགའ།སྒོ་སྤེ་དང་ཨ་མདའ་བཅས་ཡིན་པའི་གནས་ཚུལ་ཐོན་འདུག