བོད་ནང་ཉེ་ཆར་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཚོའི་གནས་སྟངས།

མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་བོད་ཡིག་སློབ་གྲྭ་འབྲིང་བའི་སློབ་མ་ཚོས་ངོ་རྒོལ་བྱས་པའི་རྗེས་ད་ཆ་སློབ་མ་ཚོའི་གནས་སྟངས་ཛ་དྲག་ཏུ་ཕྱིན་འདུག

༄༅༎ཟླ་བ་སྔོན་མའི་ཚེས་ཉི་ཤུ་བཞི་ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་བོད་ཡིག་སློབ་གྲྭ་འབྲིང་བའི་སློབ་མ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ད་ཆ་སྐབས་དེའི་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་གྱི་སློབ་མ་ཚོའི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་འདུག

དེ་ཡང་འདི་གར་བོད་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན་བླ་བྲང་བསང་ཆུ་རྫོང་གི་བོད་ཡིག་སློབ་གྲྭ་འབྲིང་བའི་སློབ་མ་ཚོས་ངོ་རྒོལ་བྱས་པའི་རྗེས་ཉེ་ལམ་ས་གནས་རྒྱ་ནག་གཞུང་གིས་སློབ་ཕྲུག་ཚོའི་ནང་མི་རྣམས་ཚོགས་འདུར་འདུ་བཀོང་གིས་ནང་མི་ཚོས་རང་ཉིད་ཀྱི་བུ་ཕྲུག་ནས་སླར་ཡང་ངོ་རྒོལ་བྱེད་རྒྱུ་མིན་པའི་ཁས་ལེན་བྱེད་དགོས་སྐོར་བཤད་ཡོད་པ་མ་ཟད་ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དྲུང་ཆེ་གྲན་ཅན་ཧྭ་ཡིས་སློབ་ཕྲུག་ཚོར་གཤེ་གཤེ་བཏང་བ་དང་དགེ་སློབ་ཚོར་བོད་ཡིག་སློབ་སྦྱོང་བྱས་ན་བེད་སྤྱོད་ག་རེ་ཡོད་དམ་བོད་ཡིག་སློབ་སྦྱོང་བྱས་ཏེ་ཀན་ལྷོ་ནས་ཕྱི་ཕྱོགས་སུ་ཐོན་ཐུབ་བམ་བོད་པའི་སློབ་འབྲིང་དང་སློབ་ཆུང་ནང་མི་ག་འདྲ་ཞིག་གསོ་སྐྱོང་བྱེད་རྒྱུ་ཡིན་ནམ་རྗེས་ཤུལ་འཛིན་མཁན་གསོ་སྐྱོང་བྱེད་ཀྱི་ཡོད་དམ་ཡང་ན་གྲལ་རིམ་དགྲ་བོ་གསོ་སྐྱོང་བྱེད་ཀྱི་ཡོད་ཅེས་སོགས་ཀྱི་འདྲི་རྩད་བྱས་ཡོད་འདུག

ཟླ་བ་སྔོན་མའི་ནང་བྱུང་བའི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་དེའི་སྐབས་བླ་བྲང་བསང་ཆུ་རྫོང་གི་བོད་ཡིག་སློབ་གྲྭ་འབྲིང་བའི་སློབ་མ་གསུམ་བརྒྱ་ལྷག་ཙམ་གྱིས་ལག་ཏུ་འཕྲེད་དར་བཟུང་ནས་ཞི་བའི་གོམ་བགྲོད་དང་ང་ཚོར་རང་དབང་དགོས།ཞི་བདེ་དགོས།༸གོང་སམཆོག་ཕྱིར་བོད་ལ་ཕེབས་སུ་འཇུག་དགོས་ཟེར་བ་སོགས་ཀྱི་ངོ་རྒོལ་སྐད་འབོད་ཡང་བྱས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org