རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་འཛིན་སྐྱོང་སྐོར།
རྒྱ་ནག་གི་སྲིད་བློན་གཞོན་པས་འབྲི་ཆ་འགག་གསུམ་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེའི་ནང་ཆུ་ལོག་གི་གནོད་འཚེ་འགོག་ཐབས་ཀྱི་འབོད་སྐུལ།
-
2009-07-10 -
-
-
༄༅༎རྒྱ་ནག་གི་སྲིད་བློན་གཞོན་པས་འབྲི་ཆ་འགག་གསུམ་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེའི་ནང་ཆུ་ལོག་གི་གནོད་འཚེ་འགོག་ཐབས་ཀྱི་འཛུགས་སྐྲུན་དང་འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་ཐབས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
སྲིད་བློན་གཞོན་པ་ལི་ཁེ་ཆང་གིས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དབུས་ཧུ་བེ་ཞིང་ཆེན་གྱི་ས་གནས་ཡི་ཀྲང་ནང་དུ་ཚོགས་པའི་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་ཀྱི་ལས་དོན་འཆར་གཞི་ཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་ད་དུང་ཁོང་ས་གནས་དེའི་ནང་དུ་ཡོད་པའི་གཞི་རྒྱ་ཆེ་བའི་ཆུ་ཤུགས་གློག་ཁང་དང་ཆུ་མཛོད་ཁག་ལ་གཟིགས་སྐོར་དུ་བསྐྱོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་ཀྱི་ལས་གཞི་དེ་ནི་ཕྱི་ལོ་༡༩༩༣ལོར་འགོ་བཙུགས་ཏེ་ལས་གཞི་དེའི་ཐོག་ནས་རྒྱ་ནག་ནང་རྡོ་སོལ་གྱིས་ནུས་ཤུགས་འདོན་སྤེལ་བྱེད་པའི་ཚབ་ཏུ་གློག་གི་ནུས་ཤུགས་མཁོ་འདོན་མང་ཙམ་བྱས་ཏེ་ནུས་ཤུགས་གཙང་མ་དང་རིན་གོང་ཁེ་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞིང་ལས་གཞི་དེའི་གལ་འགངས་ཆེ་བའི་ལས་དོན་རྣམས་ཧ་ལམ་ཆ་ཚང་བ་འཛུགས་སྐྲུན་ཟིན་ཡོད་ནའང་ས་འོག་ཏུ་ནུས་ཤུགས་ཀྱི་ལྟེ་གནས་ཁག་གཉིས་འཛུགས་སྐྲུན་བྱ་རྒྱུ་སོགས་ལས་དོན་ཁག་ཅིག་མཇུག་སྒྲིལ་མེད་པ་རེད། རྒྱ་ནག་ནང་ལོ་ལྟར་ཆར་ཤོད་ཀྱི་ནམ་དུས་སུ་གཙང་ཆུ་རྒྱས་ཏེ་ཆུ་ལོག་གི་གནོད་འཚེ་ཡང་སེ་ཡོང་བ་མ་ཟད་ས་གནས་ཡུལ་མི་ཚོའི་ས་ཞིང་དང་སྡོད་ཁྱིམ།ལོ་ཏོག་སོགས་རྩ་གཏོར་བཏང་སྟེ་མི་དམངས་ཀྱི་འཚོ་བའི་རྟེན་གཞིར་ཚབས་ཆེའི་གནོད་འཚེ་བཟོས་པ་དང་ཡུལ་མི་མང་པོ་ཞིག་ས་གནས་གཞན་དུ་ཉེན་གཡོལ་འགྲོ་དགོས་པའི་དོན་རྐྱེན་ཡང་སེ་འཕྲད་པའི་ཁར་བར་ལམ་རྒྱ་ནག་གི་ཆུ་མཛོད་མང་པོ་ཞིག་སེར་ཀ་སོགས་སྐྱོན་ཆ་ཡོད་པ་དང་དུས་ཚོད་རིང་པོར་མ་འགོར་པར་ཆུ་མཛོད་དེ་དག་ལོག་རྒྱུའི་ཉེན་བརྡ་བཏང་བའི་གནས་སྟངས་བྱུང་ཡོད་པར་བརྟེན་ད་རེས་རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ཀེ་ཆང་གིས་འབྲི་ཆུ་འགག་གསུམ་གྱི་ཆུ་མཛོད་ཀྱི་ལས་དོན་འཆར་གཞི་དེ་ནི་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་འགོག་ཐུབ་པ་ཞིག་བཟོ་སྐྲུན་བྱས་ཏེ་ཆུ་མཛོད་ཀྱི་གཞུང་དུ་གནས་པའི་མི་དམངས་ཀྱི་འཚོ་གནས་དང་རྒྱ་ནོར་རྣམས་འགན་སྲུང་བྱ་ཐུབ་དགོས་པ་དང་ལྷག་པར་དུ་ས་གནས་མི་དམངས་རྣམས་བསྐྱར་ཏུ་གཞིས་ཆགས་ཐུབ་པ་དང་ཁོང་ཚོའི་འཚོ་གནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་ཐུབ་པ་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད།