ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བྱ་ཕྱོགས།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་རིའི་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་ཁུར་གནང་རྒྱུ་ཡིན་པར་གསུངས།

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲོན་གྱིས་ཨ་རིའི་གྲོས་ཚོགས་ནང་གཏམ་བཤད་ཅིག་གནང་སྟེ་ཨ་རིའི་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་ཁུར་གནང་རྒྱུ་ཡིན་པར་གསུངས་འདུག

དེའང་ད་རེས་སྤྱི་ཚེས་ཉི་ཤུ་གཉིས་ཉིན་ཧི་ལ་རི་ཀི་ལིན་ཀྲོན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གནས་བབ་ཐོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལྷན་ཚོགས་ལ་ཕེབས་ཏེ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་ལ་ཨ་རིའི་ཕྱི་འབྲེལ་གྱི་སྲིད་ཇུས་གསལ་བཤད་གནང་ཡོད་ཅིང་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཡིས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་སྐོར་ལ་ཨ་རིས་རྒྱ་ནག་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་བ་གོང་འཕེལ་གཏོང་བཞིན་པ་དང་དུས་མཚུངས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་དོ་ཁུར་གནང་རྒྱུ་ཡིན་པར་གསུངས་འདུག་ལ་ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཡིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་རྙོག་དྲ་ཆེ་བའི་འབྲེལ་བ་ཞིག་ཡིན་ཞིང་དེར་བརྟེན་ཨ་རིའི་ལམ་ཕྱོགས་དེ་ངེས་པར་དུ་བརྟན་པོ་ཞིག་འཛིན་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དྲང་ཕྱོགས་དང་ཕན་ཚུན་མཉམ་ལས།དེ་བཞིན་ཕྱོགས་ཡོངས་ཀྱི་འབྲེལ་བ་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་དེ་ཚོའི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་ཞེས་སོགས་གསུངས་འདུག་ལ་རྒྱ་ནག་གི་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་དེའི་ཐོག་ཕྱི་སྲིད་དྲུང་ཆེ་ཧི་ལ་རིས་ཁོང་གིས་ཕྱོགས་གཅིག་ནས་ཁྱིམ་ཚང་གི་འཆར་ལྡན་བུ་བཙའི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པ་དང་ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་ནས་བཙན་བཤེད་ཀྱི་སྒོ་ནས་སྐྱེ་འགོ་བཀག་པ་དང་བཙན་བཤེད་ཀྱི་སྒོ་ནས་ཕྲུ་གུ་བཏོན་བཅུགས་པའི་བྱ་ཐབས་དེ་ལ་ངོ་རྒོལ་གནང་གི་ཡོད་པ་མ་ཟད་དེ་བཞིན་བྱ་ཐབས་ངན་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ཏེ་བུད་མེད་ཀྱི་ཐོབ་ཐང་བརྩི་མེད་གཏོང་བའི་སྤྱོད་ཚུལ་ཐམས་བཅད་ལ་ངོ་རྒོལ་ཤུགས་ཆེ་ཞུ་རྒྱུ་ཡིན་པར་ཡང་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org