བོད་མི་གཉིས་ལ་སྲོག་ཁྲིམས་བཅད་པར་སྐྱོན་བརྗོད།

རྒྱ་ནག་གཞུང་ནས་བོད་མི་གཉིས་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་པ་དེར་བཙན་བྱོལ་བོད་གཞུང་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

༄༅༎རྒྱ་ནག་གཞུང་ནས་བོད་མི་གཉིས་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་པ་དེར་བཙན་བྱོལ་བོད་གཞུང་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲིམས་ཁང་ནས་བོད་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་དང་གཉིས་ལ་ཕྱི་འགྱངས་སྲོག་ཐོག་ཉེས་ཆད་བཏང་བ་སོགས་གང་ལྟར་མིང་འདྲ་མིན་གྱི་ཐོག་ནས་བོད་མི་བཞིར་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པ་དེར་བཙན་བྱོལ་བོད་གཞུང་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

དེ་ཡང་དེ་རིང་རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་གཞུང་ནས་ཡོང་ཁྱབ་གསལ་བསྒྲགས་ཤིག་གནང་བ་དང་འབྲེལ་ཕྱི་དྲིལ་བཀའ་བློན་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་ནག་གཞུང་གིས་བདེན་རྫུན་དབྱེ་འབྱེད་མེད་པར་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཤིག་རེད་ཅེས་སྐྱོན་བརྗོད་གནང་བ་དང་སྦྲགས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག

གོང་དུ་ཞུས་པའི་བོད་མི་བཞི་པོ་དེ་དག་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཚོང་ཁང་གཉིས་མེར་བསྲེགས་བཏང་བ་དང་ཚོང་ཁང་གཅིག་གི་བདག་པོ་རྐྱེན་ལམ་དུ་བཏང་བ་དང་གཞན་ཡང་གཏོར་བཅོམས་བྱས་པ་སོགས་ཀྱི་ཉེས་བཙུགས་འོག་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org