ལྷོ་ཨཕ་རི་ཀའི་གཞུང་གིས་སྐྱོན་བཙུགས་ལ་ངོས་ལེན་བྱས་མེད་པ།
ལྷོ་ཨཕ་རི་ཀས་རྒྱ་ནག་གི་གནོན་ཤུཌ་འོག་༸གོང་ས་མཆོག་ལ་མཐོང་མཆན་འབུལ་རྒྱུར་འགོག་རྐྱེན་བཟོས་པའི་སྐྱོན་འཛུཌ་ལ་ངོས་ལེན་གནང་མེད་པ།
-
2009-03-23 -
-
-
༄༅༎ལྷོ་ཨཕ་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་དུས་སང་ཚོགས་འཆར་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་རྒྱུར་མཐོང་མཆན་འབུལ་རྒྱུར་འགོག་རྐྱེན་བཟོས་པའི་སྐྱོན་འཛུགས་ལ་ངོས་ལེན་གནང་མེད་པ་རེད།
ལྷོ་ཨཕ་རི་ཀའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་རོའོ་ནི་མ་མོ་པ་ཡིས་བརྗོད་དོན་ལྟར་ན་ཕྱི་ལོ་ཉིས་སྟོང་བཅུ་ལོར་ཡུལ་དེའི་ནང་ཚོགས་རྒྱུའི་མི་རིགས་དབྱེ་འབྱེད་དང་ཕྱི་ལུགས་ཞེ་འཁོན་སོགས་པར་གདོང་ལེན་བྱེད་ཕྱོགས་ཐད་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་ཤིག་ཚོགས་འཆར་ཡོད་པ་དེའི་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨཕ་རི་ཀའི་གཞུང་གིས་གཞུང་འབྲེལ་ཐོག་ནས་གདན་ཞུ་ཕུལ་མེད་ཚུལ་དང་དེར་བརྟེན་མཐོང་མཆན་ཕུལ་མིན་གྱི་གནས་ཚུལ་དེ་རིགས་ཡོང་དགོས་དོན་མེད་ལུགས་བཤད་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མཐོང་མཆན་ཕུལ་མེད་པའི་སྐྱོན་འཛུགས་ལ་ཁས་ལེན་བྱས་མེད་པ་རེད། ལྷོ་ཨཕ་རི་ཀའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་དེས་ཚང་མས་ཤེས་དགོས་དོན་ནི་ལྷོ་ཨཕ་རི་ཀ་དེ་བཞིན་བདག་དབང་ཆ་ཚང་ལྡན་པའི་ཡུལ་གྲུ་ཞིག་ཡིན་པས་གནད་དོན་ཐག་གཅོད་བྱེད་པའི་དབང་ཚད་ཡང་ཆ་ཚང་ལྡན་ཡོད་པ་དང་ང་ཚོས་རྒྱ་ནག་གཅིག་གི་སྲིད་ཇུས་ཞེས་པར་མ་ལྟོས་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་༡༩༩༦དང་ཕྱི་ལོར་༢༠༠༤སོ་སོར་ཡུལ་དེའི་ནང་ཆིབས་བསྒྱུར་ཐེངས་གཉིས་ཙམ་གནང་བའི་སྐབས་མཐོང་མཆན་ཕུལ་ཡོད་པ་དང་དེར་བརྟེན་ལྷོ་ཨཕ་རི་ཀའི་ཐག་གཅོད་དང་༸གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་ལ་དམིགས་ནས་ཐག་གཅོད་བྱས་པ་ཞིག་མིན་པའི་སྐོར་གསལ་བཤད་གནང་ཡོད་པ་རེད༎