བཞུགས་སྒར་རྡ་སར་མར་མེའི་ཁྲོམ་བསྐོར།

ཀིརྟི་དགོན་པའི་དགེ་འདུན་པ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་མར་མེའི་ཁྲོམ་སྐོར་ཞིག་གནང་ཡོད་འདུག

༄༅༎ཟླ་བ་འདིའི་ཚེས་༡༧ཉིན་གྱི་དགོང་མོ་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གན་ཇིའི་རླངས་འཁོར་བབས་ཚུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ བུད་མེད་ལྷན་ཚོགས་ དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་ཕྱི་ཚེས་༡༦ཉིན་བོད་ནང་རང་སྲོག་བློས་གཏོང་གནང་མཁན་གྱི་ཀིརྟི་དགོན་པའི་དགེ་འདུན་ཕུན་ཚོགས་ལགས་ཀྱིས་གཙོས་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་འདུག མར་མེའི་ཁྲོམ་སྐོར་གོ་སྒྲིག་གནང་མཁན་གྱི་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་གསར་འགོད་པ་དང་ ཡུལ་སྐོར་བ་སོགས་ལ་བོད་ནང་གི་གནས་སྟངས་གང་འདྲ་ཡིན་མིན་རང་རང་སོ་སོའི་ལུང་པའི་ནང་དུ་ཁྱབ་བསྒྲགས་དང་ དྲ་རྒྱའི་ཐོག་ནས་གནས་ཚུལ་རྣམས་བརྒྱུད་སྤྲོད་གནང་རྒྱུའི་རེ་སྐུལ་གནང་ཡོད་ཅིང་ ད་རེས་ཀྱི་མར་མེའི་ཁྲོམ་སྐོར་དེའི་ནང་བོད་མི་བརྒྱ་ཕྲག་མང་པོ་མཉམ་བཞུགས་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org