འབར་མའི་ནང་ནད་ཡམ་དང་མུ་གེ་ཉེན་ཁ་ཡོད་པ།
འབར་མའི་ནང་ཆར་རླུང་དྲག་པོ་རྒྱབ་པའི་རྐྱེན་གྱིས་ད་ཆ་ནད་ཡམ་དང༌མུ་གེའི་ཉེན་ཁ་ཆགས་ཀྱི་ཡོད་པ།
-
2008-05-07 -
-
-
༄༅༎འབར་མའི་ནང་ཆར་རླུང་དྲག་པོ་རྒྱབ་པའི་རྐྱེན་གྱིས་ད་ཆ་ནད་ཡམ་དང༌མུ་གེའི་ཉེན་ཁ་ཆགས་ཀྱི་ཡོད་འདུག ཉིན་ཤས་གོང་བྷར་མའི་ནང་ ཨ་རི་ཝ་ཏི ་ཞེས་པའི་ཆུ་ཆེན་རྒྱུགས་སའི་མངའ་ཁུལ་དུ་ཆར་རླུང་དྲག་པོ་རྒྱབ་པའི་འོག་མི་གྲངས་ཉིས་ཁྲི་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང༌། མི་གྲངས་བཞི་ཁྲི་ལྷག་ཙམ་གར་སོང་ཆ་མེད་ཀྱི་རྙེད་སོན་བྱུང་མེད་པ་སོགས་ཁུལ་དེའི་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་ཡོད་མེད་སྨོས་མེད་ཐོག་ད་ཆ་འཚོ་གནས་ཐུབ་པ་རྣམས་ཀྱང་ཡང་ན་ནད་ཡམ་དང༌། ཡང་ན་ཟ་འབྲུའི་རིགས་མེད་པར་མུ་གེ་ཐེབས་རྒྱུའི་ཉེན་ཁ་ཡོད་ལུགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གི་འབྲེལ་ཡོད་ཚོས་གསུངས་པ་དང༌། ཆབས་ཅིག་བྷར་མའི་དྲག་པོའི་སྲིད་གཞུང་གི་ངོས་ནས་རྒྱལ་སྤྱིའི་རོགས་སྐྱོར་བྱེད་མཁན་ཚོ་གུ་ཡངས་གི་ཐོག་ནས་མཐུན་འགྱུར་བྱ་རྒྱུའི་སྒོ་མོ་ཕྱེ་དགོས་ཀྱི་རེད་ཅེས་གསུངས་འདུག འཛམ་གླིིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འཛམ་གླིང་ཡུལ་གྲུ་གང་ས་ནས་དོ་ཕོག་བྱུང་ཡུལ་གྱི་མངའ་ཁུལ་དུ་མི་རྒྱུ་གཉིས་ཐོག་ནས་མཐུན་འགྱུར་རོགས་རམ་སྤྲོད་རྒྱུའི་འདུན་པ་བཏོན་གྱི་ཡོད་ཀྱང་། དྲག་པའི་གཞུང་ནས་དོགས་ཟོན་བྱས་ཀྱི་ཡོད་པའི་གནས་སྟངས་ལ་སྐྱོན་བརྗོད་ཡོང་གི་ཡོད་པ་རེད། ཡང་བཙན་བྱོལ་དུ་ཡོད་པའི་བྷར་མའི་གཞུང་ནས། རྒྱལ་སྤྱིའི་ངོས་ནས་བྷར་མའི་ནང་མཐུན་འགྱུར་རོགས་རམ་བྱེད་དགོས་ངེས་ཅན་རེད། ཡིན་ནའང་དྲག་པའི་སྲིད་གཞུང་བརྒྱུད་མ་ཡིན་པར་ཐད་ཀར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། འབར་མའི་ནང་ད་ལྟའང་དྲག་པོའི་སྲིད་གཞུང་ཡིན་པ་དང༌། ཕྱིའི་རྒྱལ་ཁབ་ཁག་ནས་རོགས་རམ་ཚོགས་པ་དང༌།
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཡོང་རྒྱུར་དམ་བསྒྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད༎