ཡོ་རོབ་མཉམ་འབྲེལ་སྒྲིག་འཛུཊ་ཀྱི་སྐུ་ཚབ་ཚོཊ་པ་ཞིག་པེ་ཅིན་དུ་ཕེབས་འཆར་ཡོད་པ།

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུཊ་ཀྱི་འཐུས་མི་དགུ་ལས་གྲུབ་པའི་སྐུ་ཚབ་ཚོཊ་པ་གཟའ་འཁོར་རྗེས་མའི་ཉིན་གཉིས་རིང་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་།

༄༅༎ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དཔོན་རིཊ་པེ་ཅིན་ནང་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་ལ་འགྲོ་བ་མའི་ཐོབ་ཐང་གི་གནད་དོན་བཏོན་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་པ་ ཧོསེ་མེ་ནུལ་ ཡིས་སྣེ་འཁྲིད་པའི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་གཟའ་འཁོར་རྗེས་མ་པེ་ཅིན་དུ་ཕེབས་འཆར་ཡོད་པ་དང་། དེའི་སྐབས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་རྒྱ་ནག་གི་དཔོན་རིགས་ཚོར་བོད་ནང་གི་བོད་མི་ཚོའི་གྱེན་ལངས་ལས་འགུལ་ཐོག་དྲག་གནོན་བྱས་པའི་གནས་ཚུལ་བཏོན་རྒྱུ་ཡིན་པ་གཟའ་པ་སངས་ཉིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་ར་སྤྲོད་གནང་ཡོད་པ་རེད་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཐུས་མི་དགུ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་གཟའ་འཁོར་རྗེས་མའི་གཟའ་ཕུར་བུ་དང་པ་སངས་ཉིན་གཉིས་རིང་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་། དེའི་རིང་རྒྱ་ནག་གི་སྲིད་འཛིན་་ ཧུའུ་ཅིན་ཐའོ་ དང་ སྲོད་བློན་དབུན་ཅྰ་བའོ་སོགས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་མཇལ་མོལ་གནང་རྒྱུ་ཡིན་འདུག མཇལ་མོལ་གནང་བའི་རིང་ཚོང་དོན་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ནས་ཕན་ཚུན་བཀའ་མོལ་གནང་རྒྱུ་ཡིན་ཞིང་། ཡིན་ནའང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པ་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་དེ་བཞིན་གསར་འགོད་རང་དབང་གི་གནད་དོན་ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་གྱེན་ལངས་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་གནད་དོན་ཐོག་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དགོངས་ཚུལ་བཏོན་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org