ཇོ་མོ་གླང་མའི་རི་འཛེགས་ཀྱི་ནམ་དུས་ཡོལ་འགྲོ་བའི་བློ་འཚབ།

གནམ་གཤིས་དང་ཨོ་ལིམ་ཕིག་གི་དཔལ་འབར་རི་རྩེར་འཁྱེར་ཐབས་བྱེད་པའི་བར་ལ་རི་འཛེགས་ཀྱི་ནམ་དུས་ཡོལ་འགྲོ་རྒྱུའི་བློ་འཚབ་ཡོད་པ།

༄༅༎ཟླ་བ་འདིའི་ནང་ཇོ་མོ་གླང་མའི་རི་འཛེགས་ཀྱི་ནམ་དུས་གཙོ་བོ་དེ་འཁེལ་གྱི་ཡོད་ཀྱང་ཇོ་མོ་

གླང་མའི་ཁུལ་དུ་གནམ་གཤིས་ཡག་པོ་མེད་པ་དང་གཉིས་ནས་རྒྱ་ནག་ཨོ་ལིམ་ཕིག་རྩེད་འགྲན་གྱི་

དཔལ་འབར་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུར་བོད་དང་བལ་ཡུལ་ཕྱོགས་གཉིས་ཀས་ཕྱི་རྒྱལ་གྱི་

རི་འཛེགས་པ་རྣམས་བཀག་འགོག་བྱས་པར་བརྟེན་ནས་ཕྱི་རྒྱལ་རི་འཛེགས་པ་རྣམས་ཇོ་མོ་གླང་མའི་

རི་འཛེགས་ཀྱི་ནམ་དུས་ཡོལ་འགྲོ་རྒྱུའི་བློ་འཚབ་གནང་གི་ཡོད་པ་རེད། དེ་ཡང་བལ་ཡུལ་གྱི་

རི་འཛེགས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ཨང་ཚེ་རིང་ལགས་ཀྱིས་གསུང་པར། རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་ཆེད་དུ་

བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་རི་འཛེགས་ཀྱི་ས་ཁུལ་རྣམས་བཀག་འགོག་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་བའི་

སྐབས་སུ་ངོ་རྒོལ་རིགས་སྔོན་ཚུད་ནས་འགོག་ཐབས་ཀྱི་ཆེད་དུ་བལ་ཡུལ་གཞུང་ལ་གནོན་ཤུགས་

སྤྲད་པའི་འོག་བལ་ཡུལ་ཕྱོགས་ནས་ཀྱང་ཇོ་མོ་གླང་མའི་རི་རྩེར་བསྐྱོད་རྒྱུར་དམ་བསྒྲགས་བྱས་པའི་

གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་

གླང་མའི་རི་རྩེར་འཁྱེར་རྒྱུ་དུས་འགྱངས་བྱས་པ་སོགས་ཀྱིས་འགོག་རྐྱེན་ལ་བརྟེན་ནས་བལ་ཡུལ་

ཕྱོགས་ནས་ཉིན་རེ་བཞིན་ཇོ་མོ་གླང་མའི་རི་འཛེགས་བྱེད་མཁན་རྣམས་སྒུག་སྡོད་བྱེད་བཞིན་པ་དེ་ཡིས་

ཁོང་རྣམས་ཇོ་མོ་གླང་མའི་རི་རྩེ་བར་འཛེགས་རྒྱུའི་དུས་ཚོད་ཀྱི་མི་འདེངས་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་

ངོས་འཛིན་གནང་གི་ཡོད་པ་དང༌། སྤྱིར་བཏང་ཇོ་མོ་གླང་མའི་རི་འཛེགས་པ་རྣམས་དུས་རྒྱུན་ཡིན་ན་

ཕྱི་ཟླ་ལྔ་པའི་ཚེས་༡༧ ནས་ ༢༥ བར་ལ་རི་རྩེར་སླེབས་དགོས་ཀྱི་ཡོད་ཅིང༌། ཡིན་ནའང་རྒྱ་ནག་གི་

ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་རེས་གཟའ་སྤེན་པའི་ཉིན་ཇོ་མོ་གླང་མའི་མའི་རི་རྩེར་འཁྱེར་རྒྱུའི་

དེ་སྔོན་ནས་དུས་ཚོད་གཏན་འཁེལ་ཟིན་པའི་ཉིན་འཁྱེར་མ་ཐུབ་པར་དུས་འགྱངས་བྱས་པ་ཡིན་ཚེ་ཇོ་མོ་

གླང་མའི་རི་འཛེགས་པ་གཞན་དག་རྣམས་རི་རྩེར་བར་སླེབས་རྒྱུར་དུས་ཚོད་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་

གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org