བཙན་བྱོལ་དུ་ཞུཌ་པའི་ཀིརྟི་རིན་པོ་ཆེའི་གསུང་གླེང༌།
ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཆེན་པོ་བྱས་ནས་དགོན་པ་བཙོན་ཁང་ལྟ་བུར་གྱུར་བའི་གནས་སྟངས་འོག་གནས་མུས།
-
2011-10-12 -
-
-
༄༅༎བཙན་བྱོལ་དུ་ཡོད་པའི་རྔ་བ་ཀི་རྟི་དགོན་པའི་དབུ་བླ་ཀི་རྟི་རིན་པོ་ཆེ་མཆོག་གིས་ཀིརྟི་དགོན་པའི་ཐོག་རྒྱ་གཞུང་གིས་དྲག་གནོན་ཆེན་པོ་བྱས་ནས་དགོན་པ་བཙོན་ཁང་ལྟ་བུར་གྱུར་བའི་གནས་སྟངས་འོག་དགེ་འདུན་པ་ཚོ་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བློས་བཏང་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་མི་བྱེད་ཀ་མེད་ཐུག་ཡོད་ལུགས་གསུངས་བཞག།
ཀི་རྟི་རིན་པོ་ཆེ་མཆོག་གིས་རྩ་བའི་རྒྱ་ནག་གཞུང་གིས་ཀི་རྟི་དགོན་པའི་ནང་ཟླ་བ་བསྟུད་མར་གདུག་རྩུབ་མནར་སྤྱོད་ཀྱི་དྲག་གནོན་བྱས་པ་དང་དགེ་འདུན་པ་འཇུ་བཟུང་བཙོན་བཅུགས་བྱས་པ་སོགས་དགོན་པའི་དགེ་འདུན་རྒན་དར་གཞོན་གསུམ་ཚང་མར་ཆོས་བྱེད་ཀྱི་རང་དབང་ཐོབ་ཐང་མེད་ཁར་ཉིན་མཚན་དུས་དྲུག། རྒྱ་མིའི་བཙན་གནོན་དང་དངངས་སྐྲག་གི་འོག་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས་བོད་མི་ཚོ་འུ་ཐུག་ནས་རང་ལུས་རང་བསྲེགས་བྱས་ཏེ་བོད་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱ་ནག་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་པའི་ཐབས་ལམ་དེ་བདམས་པ་ཞིག་རེད་ཅེས་གསུང་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལུང་འདྲེན་གནང་འདུག།