རྒྱ་མིའི་དམག་དཔོན་ཞིག་གིས་བྱ་ངན་ལ་འགྱོད་སེམས་ཡོད་ལུཌ།

རྒྱ་མིའི་དམག་དཔོན་ཟུར་པ་ཞིག་གིས་དེ་སྔའི་བྱས་ཉེས་ལ་འགྱོད་སེམས་ཡོད་པ་མི་དམངས་ལ་དགོངས་སེལ་ཞུས་པའི་རྗེས་འཛིན་བཟུང་བྱས་པ།

༄༅༎རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པ་ཞིག་གིས་དེ་སྔ་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་པའི་སྐབས་ཀྱི་དམག་དཔོན་ཞིག་གིས་ཁོང་གི་དེ་སྔའི་བྱས་ཉེས་ལ་འགྱོད་སེམས་ཡོད་པ་མི་དམངས་ལ་དགོངས་སེལ་ཞུས་པའི་རྗེས་རྒྱ་མིའི་བདེ་འཇགས་དམག་མིས་འཛིན་བཟུང་བྱས་ཡོད་པའི་སྐོར་གསུངས་ཡོད་པ་རེད།

ལོ་ན་བཞི་བཅུ་ཡིན་པའི་དམག་དཔོན་རྙིང་པ་ཀྲང་ཧྲི་ཅུན་ཡིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་བཏང་བའི་ཡི་གེ་ཞིག་འཕྲིན་གཏོང་དྲ་རྒྱ་བརྒྱུད་མི་དམངས་ལ་འགྲེམས་སྤེལ་བྱས་པའི་ནང་གུང་ཁྲན་ཏང་དང་སྲིད་གཞུང་གིས་དེ་སྔ་ཕྱི་ལོ་༡༩༨༩ལོའི་ཟླ་བ་དྲུག་པའི་ཚེས་བཞི་ཉིན་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་པའི་བྱ་སྤྱོད་ལ་བསྐྱར་དུ་བསམ་ཞིབ་བྱ་དགོས་པའི་སྐོར་འབོད་སྐུལ་ཞུས་ཡོད་པ་རེད། རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་དང་མི་དམངས་ཀྱི་འཚོ་རྟེན་བལྟ་རྟོགས་ལས་ཁང་ཞེས་འབོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་གསུངས་ན་རེས་གཟའ་མིག་དམར་ཉིན་ཁོང་གིས་ཕྱི་རྒྱལ་གྱི་ཨེ་པི་གསར་འགྱུར་ལས་ཁང་གི་བཅར་འདྲི་ཞུས་པར་ལེན་གནང་སྟེ་དེ་སྔ་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་པའི་མྱོང་ཚོར་དང་རྗེས་སུ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་དེ་རྗེས་རེས་གཟའ་ལྷག་པའི་ཉིན་ཁོང་ས་གནས་ཉེན་རྟོག་ལས་ཁུངས་སུ་བསྐོང་སྟེ་ཕྱི་རྒྱལ་གསར་འགོད་པ་དང་འབྲེལ་བ་བྱེད་མི་ཆོག་པའི་འཇིགས་སྐུལ་བྱས་པའི་སྐོར་གསུངས་ཡོད་ཅིང་དེ་ནས་རེས་གཟའ་པ་སངས་ཀྱི་ཐོ་རངས་ཀྱི་ཚོུད་གཉིས་པ་ཙམ་ལ་རྒྱ་ནག་གི་བྱང་ཕྱོགས་གྲོང་ཁྱེར་ཐེང་ཀྲོའུ་དུ་ཡོད་པའི་ཁོང་གི་ཁྱིམ་ཚང་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པའི་སྐོར་ངོ་སྤྲོད་བྱས་པ་དང་རེས་གཟའ་པ་སངས་ཉིན་གནས་ཚུལ་དེ་ཐོན་འཕྲལ་ཨེ་པི་གསར་འགོད་པས་ཀྲང་ཧྲི་ཅུན་གྱི་ཁྱིམ་ཚང་དུ་ཁ་པར་གཏོང་སྐབས་ཁོང་གི་བཟའ་ཟླས་ད་ལྟའི་ཆར་ཀྲང་མཐོང་རྒྱུ་མེད་པ་དང་ཁོང་གི་སྐོར་ལ་གནས་ཚུལ་གོ་ཐོས་མེད་པའི་སྐོར་ལན་འདེབས་བྱས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org