ཕ་རན་ས྄་སྲིད་འཛིན་ཨ་ལིམ་པིཀ་རྩེད་འགྲན་དུ་ཕེབས་མིན།

ཕ་རན་སྲིད་འཛིན་ཨ་ལིམ་པིཀ་རྩེད་འགྲན་དུ་ཕེབས་ཀྱི་ཡོད་མེད་གཟའ་འཁོར་རྗེས་མ་ཐག་གཅོད་གསལ་བསྒྲག་གནང་སྲིད་པ་གསུངས་འདུག

༄༅༎ཕ་རན་སྲིད་འཛིན་སར་ཀོ་ཛི་མཆོག་གིས་ཉེ་ཆར་བོད་རྒྱ་འབྲེལ་མོལ་གྱི་གྲུབ་འབྲས་བརྟེན་ནས་ཁོང་རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་མིན་ཐག་གཅོད་གནང་རྒྱུ་ཡིན་པ་གསུངས་ཡོད་ཀྱང་དེ་རིང་ཕ་རན་ས྄་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་མཆོག་ཨོ་ལིམ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་ཀྱི་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་ཀྱང་གསལ་བསྒྲགས་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་སྐོར་སྲིད་འཛིན་གྱི་ལས་ཁུངས་ནས་འགྲེལ་བརྗོད་གང་ཡང་མ་གནང་བར་སྲིད་འཛིན་ཕེབས་མིན་ཐད་གཟའ་འཁོར་རྗེས་མའི་ནང་ཐག་གཅོད་གསལ་བསྒྲག་གནང་སྲིད་པའི་སྐོར་གསུངས་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་གསུངས་ན་སྲིད་འཛིན་སར་ཀོ་ཛི་མཆོག་ཟླ་བ་རྗེས་མའི་ནང་རྒྱ་ནག་གི་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་པ་ཡིན་ཚེ་རྒྱ་ནག་ནང་དམངས་གཙོའི་རང་དབང་སྐྲུན་ཐབས་གནང་མཁན་གྱི་མི་དམངས་ཚོའི་སེམས་ཚོར་དང་འཐབ་རྩོད་ཀྱི་ལངས་ཕྱོགས་ལ་བརྩི་མེད་རྡོག་རོལ་བཏང་བའི་གནས་སྟངས་ཤིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་པ་གསུངས་གི་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org