དགའ་ལྡན་ལྔ་མཆོད་ཉིན་དམ་བསྒྲགས་ཆེན་པོ་བྱས།

བོད་ཀྱི་རྒྱལ་ས་ལྷ་སའི་སྐོར་ལམ་གང་སར་རྒྱ་གཞུང་གིས་དམག་མི་མང་པོ་བཀྲམས་ཏེ་དམ་བསྒྲགས་ཆེན་པོ་བྱས་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་སྐོར་ལམ་གང་སར་རྒྱ་གཞུང་གིས་དམག་མི་མང་པོ་བཀྲམས་ཏེ་དམ་བསྒྲགས་ཆེན་པོ་བྱས་འདུག བོད་ནས་བཏང་འབྱོར།

༄༅༎ཁ་སང་བཅུ་པའི་ལྔ་མཆོད་ཆེན་མོའི་ཉིན།ལྷ་སའི་གཙུག་ལག་ཁང་གི་མདུན་དང་སྐོར་ལམ་གང་སར་རྒྱ་གཞུང་གིས་དམག་མི་ཕོན་ཆེན་པོ་བཏང་སྟེ།ཆོས་མཇལ་ཞུ་མཁན་རྣམས་ལ་སྔོག་བཤེར་དང་དམ་བསྒྲགས་ཤུགས་ཆེན་བྱས་ཡོད་འདུག
སུད་སི་ནང་རྟེན་གཞི་བྱས་པའི་བོད་མི་ཞིག་གིས་བོད་ནང་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་གནང་བར་གཞིགས་ན།  དེང་སང་བོད་མི་རྣམས་རང་དབང་མེད་པ་དང་འཇིགས་སྣང་ངང་གནས་བཞིན་པའི་འདྲ་དཔར་སྣ་ཚོགས་བསྐུར་ཡོད་མ་ཟད་གནས་ཚུལ་དང་འདྲ་དཔར་རྣམས་བོད་ཀྱིས་དུས་བབ་ཀྱིས་ལུང་འདྲེན་གྱི་གནས་ཚུལ་སྤེལ་འདུག།གནས་ཚུལ་འདི་དག་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་དགོས་དོན་ནི།འཛམ་གླིང་མི་མང་ལ་བོད་ནང་དུ་རང་དབང་དང་ཆོས་ཀྱི་མཛད་སྒོ་རིགས་ལ་བཀག་སྡོམ་ཡོད་པ་གསལ་སྟོན་བྱ་ཕྱིར་ཡིན་ཞེས་བརྗོད་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org