འཇར་མན་གསར་འགྱུར་བརྒྱུད་ལམ་གྱི་བྱ་དགའ་ཕུལ་བ།
འཇར་མན་གྱི་ཧ་ཅང་ཆེ་ཐོངས་ཆེ་བའི་གསར་འགྱུར་བརྒྱུད་ལམ་གྱི་བྱ་དགའ་དེ་བཞིན་ཁ་ས་༸གོང་ས་མཆོག་ལ་འབུལ་བཞེས་གནང་ཡོད་པ་རེད།
-
2009-02-11 -
-
-
༄༅༎ཁ་ས་འཇར་མན་གྱི་གྲོང་ཁྱེར་སྦ་ཌེན་སྦ་ཌེན་ནང་ཕྱི་ལོ་༢༠༠༨ཀྱི་གསར་འགྱུར་བརྒྱུད་ལམ་གྱི་བྱ་དགའ་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་བཞག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱ་དགའ་བཞེས་གནང་བའི་རྗེས་གསུང་བཤད་ཅིག་གནང་བའི་ནང་བོད་མི་ཚོས་དོན་དམ་གྱི་རང་སྲིང་རང་སྐྱོང་ཞིག་ཐོབ་ཐབས་སུ་འབད་བརྩོན་གནང་བཞིན་པར་གསར་འགོད་པ་ཚོས་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཡོད་ཅེས་བཀའ་གནང་བཞག དེ་བཞིན་༸གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་ནང་མང་ཚོགས་ལ་བདེན་པའི་གནས་ཚུལ་སྤྲོད་རྒྱུར་གསར་འགོད་རང་དབང་ནི་ཧ་ཅང་གལ་ཆེ་ཡིན་ལུགས་བཀའ་གནང་བཞག
༸གོང་ས་མཆོག་གི་གསུང་བཤད་ནང་གཙོ་བོ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་ཚང་མ་ཞི་མཐུན་བྱེད་དགོས་པ་དེ་བཞིན་བོད་ཀྱི་གནད་དོན་བཅས་དོན་ཚན་གསུམ་ཐོག་བཀའ་གནང་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༠༨ཀྱི་གསར་འགྱུར་བརྒྱུད་ལམ་གྱི་བྱ་དགའ་བཞེས་བར་ཚོགས་ཁང་ནང་ཕེབས་སྐབས་སུད་སི་སོགས་ནས་ཕེབས་པའི་བོད་མི་ཚོས་དགའ་བའི་གླུ་གཞས་བཏང་ནས་ཕེབས་བསུ་ཞུས་འདུག་ལ་ཚོགས་ཁང་ནང་བོད་ཀྱི་རྒྱལ་གླུ་ཡང་བཏང་བཞག ཧ་ཅང་ཆེ་ཐོངས་ཆེ་བའི་གསར་འགྱུར་བརྒྱུད་ལམ་གྱི་བྱ་དགའ་དེ་བཞིན་དེ་སྔ་ལྷོ་ཨཕ་རི་ཀའི་སྲིད་འཛིན་ནེལ་སེན་མན་ཌེ་ལ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀོ་ཕི་ཨ་ནན།ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཊོན་དང་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊོན།འཇོར་ཌེན་གྱི་རྒྱལ་པོ་ཧུ་སེན་དང་སི་པེན་གྱི་རྒྱལ་པོ་ཧུའན་ཁའར་ལོ་སེ་སོགས་ལ་འབུལ་བཞེས་བྱུང་ཡོད་པ་རེད།