ཇར་མ་ནི་གཞུང་གིས་ཡུལ་དེའི་ནང་ཕྱི་ནས་མ་རྩ་འཛུགས་ཕྱོགས་ཀྱི་ཁྲིམས་གཞི་ཅུང་ཇེ་དམ་དུ་གཏོང་འཆར་འདུག

2023.08.21
ཇར་མ་ནི་གཞུང་གིས་ཡུལ་དེའི་ནང་ཕྱི་ནས་མ་རྩ་འཛུགས་ཕྱོགས་ཀྱི་ཁྲིམས་གཞི་ཅུང་ཇེ་དམ་དུ་གཏོང་འཆར་འདུག ཇར་མན་དང་རྒྱ་ནག་གི་རྒྱལ་དར།
REUTERS

ཇར་མ་ནི་(Germany)་གཞུང་གིས་ཡུལ་དེའི་ནང་ཕྱི་རྒྱལ་གྱི་ཚོང་གི་མ་རྩ་འཛུགས་ཕྱོགས་ཀྱི་ཁྲིམས་གཞི་དེར་བསྐྱར་ཞིབ་གནང་ནས་འགྱུར་བ་གཏོང་རྒྱུའི་འཆར་གཞི་སྒྲིག་གནང་གི་ཡོད་པ་དང་། དེ་ནི་ཇར་མ་ནི་གཞུང་ཕྱོགས་ནས་ཡུལ་དེའི་ཚོང་གཉེར་ལས་ཁང་ཁག་ལ་རྒྱ་ནག་ལ་བརྟེན་ཤུགས་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་གནང་བའི་དུས་སྐབས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ཚོང་འབྲེལ་བྱེད་ཕྱོགས་དེ་ཉེན་ཁ་ཆུང་དུ་གཏོང་བའི་སྲིད་བྱུས་གསར་པ་ཞིག་འཛིན་བཞིན་པའི་དུས་སྐབས་དང་འཁེལ་ཡོད་པ་རེད་འདུག གོང་ཞུས་ཇར་མ་ནིའི་གཞུང་གི་ཁྲིམས་གཞི་གསར་པ་དེ་རོའུ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཇར་མ་ནིའི་དཔལ་འབྱོར་ལྷན་ཁང་གི་ཡིག་ཆ་ཞིག་གཟིགས་ཞིབ་གནང་བ་བརྒྱུད་ཤེས་རྟོགས་བྱུང་ཡོད་ཅིང་། ཁྲིམས་གཞི་གསར་པ་དེའི་ནང་། ཕྱི་རྒྱལ་གྱི་ཚོང་ཐོག་མ་འཛུགས་བྱེད་མཁན་ཚོས་ཇར་མ་ནིའི་ཚོང་གཉེར་ལས་ཁང་ཁག་གི་དངོས་ཟོག་དང་འཕྲུལ་རིག་མཁོ་སྒྲུབ་བྱེད་རྒྱུའི་ཐབས་ཤེས་བྱས་པ་ཡིན་ན། དེ་དག་ཐོག་ཞིབ་འཇུག་གནང་རྒྱུའི་འཆར་གཞི་དང་ཕྱི་རྒྱལ་གྱི་ཚོང་གཉེར་ལས་ཁང་ཁག་གིས་ཇར་མ་ནིའི་ནང་བཟོ་གྲྭ་གསར་པ་དེ་འདྲ་བཙུགས་པ་ཡིན་ན། དེའི་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ཐོག་ཞིབ་འཇུག་གནང་འཆར་ཡོད་པ་མ་ཟད། གནད་འགག་ཆེ་བའི་སྲུང་སྐྱོབ་དང་འབྲེལ་མཉམ་ལས་ཉམས་ཞིབ་ཀྱི་ལས་དོན་ཐོག་ཞིབ་འཇུག་གནང་འཆར་ཡོད་པ་རེད་འདུག
ཇར་མ་ནིའི་རྒྱལ་ཁབ་དེ་བཞིན་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེ་ཡོད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས། སྐབས་འགར་རྒྱལ་ཁབ་དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁོངས་ནས་རྒྱ་ནག་ལ་གུ་ཡངས་ཆེན་པོ་བྱེད་མཁན་ཡིན་པའི་ཉེས་འཛུགས་ཕོག་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པ་རེད།


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎