རྒྱལ་དབང་ཀརྨ་པ་མཆོག་ཨ་རི་ནང་ཆིབས་བསྒྱུར་གནང་རྒྱུ།

རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སང་ཚེས་བཅོ་ལྔའི་ཉིན་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།

༄༅༎རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིའི་ནང་འཚམས་གཟིགས་ཕེབས་རྒྱུ་ཡིན་འདུག བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ

བར་གཞིགས་ན། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སང་ཚེས་བཅོ་ལྔ་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་འཁོད་གནང་རྒྱུ་ཡིན་པ་དང༌། མཛད་འཆར་

གཞིར་བཟུང་ཁུལ་དེར་ཚེས་བཅུ་བདུན་དང༌། བཅོ་བརྒྱད་ཉིན་གཉིས་རིང་ཆོས་འབྲེལ་གནང་བའི་རྗེས་ཚེས་ཉི་ཤུ་ལྔའི་ཉིན་ཨ་རིའི་ནུབ་བརྒྱུད་ཀོ་ལོ་ར་དྲོའི་

མངའ་སྡེ་བྷོལ་དྲར་གྲོང་ཁྱེར་ནང་ཕེབས་འཆར་ཡོད་འདུག ཁུལ་དེར་ཤམ་པ་ལའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆོས་འབྲེལ་གྱི་མཛད་

རིམ་ཁག་ཅིག་གྲུབ་པའི་རྗེས་སུ་སི་ཡ་དྲལ་གྲོང་ཁྱེར་ནང་ཕེབས་ཏེ་ཉིན་གཉིས་རིང་གསུང་ཆོས་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག

རྒྱལ་དབང་ཀརྨ་པ་རིནཔོ་ཆེ་མཆོག་ཕྱི་ལོ་ ༢༠༠༠ ་ལོར་བོད་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་ཕྱིའི་རྒྱལ་ཁབ་ནང་འཚམས་གཟིགས་དང༌། ཆོས་འབྲེལ་དུ་ཕེབས་པ་ད་རེས་ཐོག་མ་དེ་ཡིན་པ་རེད༎

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org