༸གོང་ས་མཆོག་ཡོ་རོབ་ལ་ཆིབས་བསྒྱུར་གནང་ཡོད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ད་རིང་གཟའ་ལྷག་པའི་ཉིན་རྒྱ་གར་ནས་ཡོ་རོབ་ལ་ཆིབས་བསྒྱུར་གནང་འདུག
-
2008-05-14 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིང་མིན་དབྱིན་ཇིའི་གྲོས་ཚོགས་ནང༌། བོད་ནང་གི་དངོས་ཡོད་གནས་སྟངས་སྙན་སེང་ཞུས་
གནང་རྒྱུ་ཡིན་འདུག མཛད་འཆར་གཞིར་བཟུང་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རིང་རེས་གཟའ་
ལྷག་པའི་ཉིན་རྒྱ་གར་ནས་ཆིབས་བསྒྱུར་གནང་སྟེ། ཚེས་བཅུ་དྲུག་ཉིན་ཇར་མ་ནིའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གསུང་བཤད་གནང་རྒྱུ་དང་། དེ་ནས་རིམ་བཞིན་ས་ཁུལ་ཁག་ཅིག་ནང་མཛད་འཆར་རྣམས་གྲུབ་པའི་རྗེས་སུ་ཚེས་ཉི་ཤུ་གཉིས་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཞབས་སོར་འཁོད་གནང་མཛད་དེ། ཚེས་ ༢༨ ་བར་མཛད་རིམ་མང་དག་ཅིག་ཡོད་པའི་ཁོངས་སུ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་རྣམས་ལ་ད་ལྟའི་བོད་ནང་གི་
དངོས་ཡོད་གནས་སྟངས་དང༌། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་སུ་སྙན་སེང་ཞུས་གནང་གི་ཡོད་འདུག
དེ་ཡང་བཞུགས་སྒར་ནས་སྐུ་སྒེར་ཡིག་ཚང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚན་
པའི་ཐོག་ནས་ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དམིཊ་བསལ་གསན་ཞིབ་གནང་རྒྱུའི་ཐུགས་འདོད་གནང་བ་ལྟར་
༸གོང་ས་མཆོག་ལ་འབོད་སྐུལ་ཞུས་པ་བཞིན་༸གོང་ས་མཆོག་ནས་ཞལ་བཞེས་གནང་བ་ཞིག་ཡིན་ལུགས་འགྲེལ་བརྗོེད་གནང་ཡོད་པ་རེད།།