ཧོང་ཀོང་གྲོང་མིས་རྒྱ་ནག་ཏུ་འགྲོ་སྐྱོད་མཚམས་འཇོག་སྐུལ་མ།
ཧོང་ཀོང་གི་གྲོང་མི་ཚོར་རྒྱ་ནག་ནང་གནས་སྐབས་འགྲོ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག
-
2011-04-20 -
-
-
༄༅༎རྒྱ་ནག་གཞུང་གིས་དེང་སྐབས་རྒྱ་ནག་ནང་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོའི་ཐོག་རྡུང་རྡེག་གཏོང་བཞིན་པའི་གནས་སྟངས་དེར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བས་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཐབས་སུ་ཧོང་ཀོང་གི་གྲོང་མི་ཚོས་རྒྱ་ནག་ནང་གནས་སྐབས་འགྲོ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག
དེ་རིང་གཟའ་ལྷག་པའི་ཉིན་ཧོང་ཀོང་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དྲུག་ཙམ་གྱིས་ཟུང་འབྲེལ་ཐོག་ཧོང་ཀོང་གི་གྲོང་མི་ཚོར་རྒྱ་ནག་གཞུང་གིས་ཉེ་བའི་ཆར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བ་ཚོའི་ཐོག་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་དེར་འགྱུར་ལྡོག་ཡོང་རྒྱུར་རིང་མིན་རྒྱ་ནག་ནང་ངལ་རྩོལ་གྱི་དུས་ཆེན་སྐབས་དང་སྟུན་ནས་རྒྱ་ནག་ནང་ཡུལ་བསྐོར་སྤྲོ་འཆམ་སོགས་འགྲོ་མཚམས་བཞག་ཏེ་ རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་རྒྱུའི་སྐུལ་མ་གནང་ཡོད་པ་དང་ ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཡིན་པ་ རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པའི་ཚོགས་གཙོ་ལིའི་ཁྲུའུ་ཡོན་གྱིས་གསུང་ན་ ང་ཚོས་ཧོང་ཀོང་གི་གྲོང་མི་ཚོར་རྒྱ་ནག་ནང་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་རྒྱ་ནག་ནང་བསྐྱོད་རྒྱུར་རང་དབང་གི་སྐད་ཆ་གང་བྱུང་བཤོད་རྒྱུར་ཉེན་ཁ་ཡོད་པ་དང་ ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་མི་འཇུ་བཟུང་དམ་བསྒྲགས་བྱེད་ཡས་དེ་ནི་༡༩༨༩ལོའི་རྗེས་རྡུང་རྡེག་གི་ལས་འགུལ་སྤེལ་ཡས་ཤུགས་ཆེ་ཤོས་ཡིན་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ནས་ཧོང་ཀོང་མི་མང་ཚོས་རྒྱ་ནག་གི་གནས་སྟངས་བཟང་ཕྱོགས་སུ་བསྐྱོད་རྒྱུར་རང་ངོས་ནས་ རྒྱ་ནག་ནང་བསྐྱོད་རྒྱུ་མཚམས་འཇོག་སོགས་ཀྱི་ཐབས་ལམ་འཛིན་དགོས་པའི་སྐུལ་མ་གནང་གི་ཡོད་པ་གསུང་འདུག རྒྱ་ནག་གཞུང་གིས་ཉེ་བའི་གཟའ་འཁོར་ཁ་ཤས་ནང་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང་ ཤེས་ལྡན་མི་སྣ་ དམངས་གཙོ་དོན་གཉེར་བ་སོགས་མི་མང་པོ་འཇུ་བཟུང་དང་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད་པར་འཛམ་གླིང་ཡུལ་གྲུ་མང་པོའི་དཔོན་རིགས་དང་འགྲོ་བ་མིིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད་