ཉི་ཧོང་དང་ལྷོ་ཀོ་རི་ཡ་རྒྱ་ནག་བཅས་ཀྱི་ལྷན་ཚོགས།
ཉི་ཧོང་དང་ལྷོ་ཀུ་རི་ཡ་རྒྱ་ནག་བཅས་ཀྱི་དབུ་ཁྲིད་དབར་ཕྱི་ཟླ་ལྔ་པའི་ནང་རྒྱལ་ས་ཁྲོག་ཁྱོར་དུ་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཚུགས་རྒྱུ།
-
2011-04-15 -
-
-
༄༅༎ཉི་ཧོང་དང་ལྷོ་ཀུ་རི་ཡ་རྒྱ་ནག་བཅས་ཀྱི་དབུ་ཁྲིད་དབར་ད་ལོ་ཕྱི་ཟླ་ལྔ་པའི་ནང་ཉི་ཧོང་གི་རྒྱལ་ས་ཁྲོག་ཁྱོར་དུ་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཚུགས་རྒྱུའི་ཐག་གཅོད་བྱུང་བ་དེ་རིང་གཟའ་པ་སངས་ཉིན་ཉི་ཧོང་གཞུང་གི་དཔོན་རིགས་ནས་ཕྱིར་བསྒྲགས་གནང་འདུག
ཉི་ཧོང་གཞུང་གི་མགྲིན་ཚབ་པ་ཡུ་ཀི་ཡོ་ཨེ་ཌ་ནོ་ཡིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་དོན་ལྟར་ན་ ད་ལོ་ཕྱི་ཟླ་ལྔ་པའི་ཚེས་༢༡ཉིན་ནས་དུས་ཡུན་ཉིན་གྲངས་གསུམ་རིང་ ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་དང་ལྷོ་ཀུ་རི་ཡའི་སྲིད་འཛིན་ལི་མང་སྦཀ་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་བཅས་དཔོན་རིགས་རྣམ་པ་གསུམ་དབར་ལོ་འཁོར་གྱི་ཆེད་མཐོའི་ལྷན་ཚོགས་ཚུགས་རྒྱུ་ཡིན་པ་དང་ ཡུལ་གྲུ་གསུམ་དབར་གྱི་ཆེས་མཐོའི་དཔོན་རིགས་ཀྱི་ལོ་འཁོར་ལྷན་ཚོགས་དེ་བཞིན་ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་འགོ་འཛུགས་གནང་ཡོད་པ་དང་ ལྷན་ཚོགས་ཐོག་མ་དེ་བཞིན་ལྷོ་ཀུ་རི་ཡའི་ནང་ཚུགས་གནང་ཡོད་པ་རེད་ ད་ལོའི་ཡུལ་གྲུ་གསུམ་གྱི་ཆེས་མཐོའི་དཔོན་རིགས་ཀྱི་ལོ་འཁོར་ལྷན ཚོགས་དེའི་ཐོག་གཙོ་བོ་དཔོན་རིགས་རྣམ་པ་ཚོའི་དབར་ཨི་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བརྟན་ལྷིང་ཐོག་མཉམ་ལས་གནང་རྒྱུའི་སྐོར་དང་ ལྷག་དོན་ཡུལ་གྲུ་གསུམ་དབར་རང་འབྱུང་གི་གནོད་འཚེར་གདོང་ལེན་བྱ་རྒྱུར་གཞོགས་འདེགས་གནང་རྒྱུ་མ་ཟད་ ཉེ་ཆར་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེས་ཡུལ་དེའི་རྡུལ་ཕྲན་གྱི་གློག་ཁང་ལ་གནོད་སྐྱོན་ཕོག་ནས་རྡུལ་ཕྲན་གྱི་དུག་རླངས་ཕྱིར་འདོན་ནས་ ཉི་ཧོང་དང་དེའི་ཁྱིམ་མཚེས་ཡུལ་གྲུ་ཚོའི་མང་ཚོགས་ཀྱི་བདེ་ཐང་ལ་གནོད་ཚབས་བཟོ་བཞིན་པའི་གནད་དོན་དང་འབྲེལ་བའི་མ་འོངས་གནད་དོན་དེ་རིགས་འགོག་ཐབས་སོགས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་པའི་སྐོར་ཉི་ཧོང་གཞུང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་འདུག