ཉི་ཧོང་སྲིད་བློན་ནས་བོད་རྒྱའི་གྲོས་མོལ་ཡོང་ཆེད་སྐུལ་མ་གནང་བ།
ཉི་ཧོང་གི་སྲིད་བློན་ནས་རྒྱ་ནག་གི་སྲིད་འཛིན་ལ་བོད་རྒྱའི་དབར་གྲོས་མོལ་གནང་དགོས་སྐོར་སྐུལ་ལྕག་གནང་འདུག
-
2008-05-07 -
-
-
༄༅༎ཁ་ས་ཉི་ཧོང་གི་སྲིད་བློན་ཡཱ་སུའོ་ཕཱུ་ཀུ་ཌ་མཆོག་གིས་རྒྱ་ནག་ལ་བོད་ཀྱི་གནད་དོན་ཐད་རྒྱལ་སྤྱི་
ནས་ཐུགས་འཚབ་གནང་གི་ཡོད་པ་དེ་མེད་པ་བཟོ་ཐབས་གནང་དགོས་རྒྱུའི་སྐུལ་ལྕག་གནང་ཡོད་རུང་། རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཡིས་ ༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་དྲག་ཟིང་བརྒྱུད་སྐུལ་
མཚམས་འཇོག་གནང་དགོས་སྐོར་བསྐྱར་ནན་བརྗོད་འདུག
ཉི་ཧོང་གི་སྲིད་བློན་ཕཱུ་ཀུ་ཌ་མཆོག་གིས་སྲིད་འཛིན་ཧུ་ཅིང་ཏའོ་དང་མཇལ་འཕྲད་གནང་གྲུབ་པའི་རྗེས་
གསུང་གསལ། ངོས་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ལ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་
རིགས་དབར་གྲོས་མོལ་གནང་བ་དེ་ཕྱོགས་གཉིས་དབར་གཞི་རྒྱ་ཆེ་བའི་གྲོས་མོལ་ཞིག་གནང་ཐུབ་རྒྱུའི་
གོམ་པ་དང་པོ་ཞིག་ལ་ཉི་ཧོང་གིས་ངོས་འཛིན་ཞུ་གི་ཡོད་ཅེས་དང་། ཡང་ཁོང་གིས་ རྒྱ་ནག་ངོས་ནས་གྲོས་མོལ་དེ་དག་མཇུག་འཁྱོངས་ཡོང་བ་དང་གནས་སྟངས་བཟང་དུ་བཏང་བ་བརྒྱུད་
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་གནང་གི་ཡོད་པ་དེ་མེད་པ་བཟོ་
ཐབས་གནང་དགོས་རྒྱུའི་འབོད་སྐུལ་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག
རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཡིས་ ད་རེས་རྒྱ་ནག་ལྷོ་ཕྱོགས་ཧྲན་ཀྲས་གྲོང་ཁྱེར་ནང་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་ཞུས་པ་
དེར་གྲུབ་འབྲས་ཐོན་པའི་རེ་བ་ཡོད་ཅེས་གསུང་ཡོད་པ་དང། འབྲེལ་ལམ་མུ་མཐུད་གནང་རྒྱུར་
ཕྱོགས་གཉིས་ཀས་མོས་མཐུན་གནང་ཡོད་པ་མ་ཟད་ ང་ཚོས་འབྲེལ་ལམ་དེ་ནས་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་
ཡོད་རུང༌། སྲིད་འཛིན་ཧུ་ཡིས་རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མ་ཆོག་ནས་རྒྱ་ནག་ཁ་བྲལ་གཏོང་ཐབས་
གནང་གི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དེ་བསྐྱར་ཟློས་གནང་འདུག