ཉི་ཧོང་ནང་ངོ་རྒོལ་བྱུང་བས་སྲིད་འཛིན་ཧུའུ་ཡི་འཚམས་གཟིཊ་ལ་གནོད་མེད།
ཉི་ཧོང་གིས་དཔལ་འབར་ལ་ངོ་རྒོལ་བྱུང་བ་དེས་རྒྱ་ནག་སྲིད་འཛིན་གྱི་འཚམས་གཟིགས་ལ་གནོད་སྐྱོན་མེད་ལུགས་གསུངས་ཡོད་འདུག
-
2008-04-28 -
-
-
༄༅༎ཉི་ཧོང་གིས་ཁ་ཉིན་རེས་གཟའ་སྤེན་པའིི་ཉིན་ཡུལ་ནང་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་སྐབས་ངོ་རྒོལ་བྱས་མཁན་བྱུང་བ་དེས་རིང་མིན་ཡུལ་ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་འཆར་གཞི་དེར་གནོད་སྐྱོན་ཐེབ་རྒྱུ་མིན་སྐོར་གསུངས་འདུག རེ་གཟའ་སྤེན་པའི་ཉིན་ཉི་ཧོང་གི་གྲོང་ཁྱེར་ ནྰ་གཱ་ནོ་ ནང་ཨོ་ལིམ་པིཀ་དཔལ་འབར་དེ་བསྐོར་བསྐྱོད་བྱས་སྐབས་དཔལ་འབར་ལ་ངོ་རྒོལ་བྱས་མཁན་དང་དགའ་བསུ་ཞུ་མཁན་བར་འཁྲུགས་རྩོད་བྱུང་སྐབས་མི་གྲངས་བཞིར་རྨ་སྐྱོན་བྱུང་ཡོད་པ་རེད། ཉི་ཧོང་གཞུང་གི་མགྲིན་ཚབ་པ་གཙོ་བོ་སྐུ་ཞབས་ ནོ་བུ་ཏ་ཀ་ མ་ཤི་མུ་རྰ་ ཡིས་ཉི་ཧོང་ནང་ཨོ་ལིམ་པིཀ་དཔལ་འབར་བསྐོར་བསྐྱོད་སྐབས་དེ་ཙམ་གྱི་འགོག་རྐྱེན་ཆེན་པོ་བྱུང་མེད་སྐོར་གསུངས་འདུག རྒྱ་ནག་གི་སྲིད་འཛིན་ ཧུ་ཇིན་ཐའིོ་ཉི་ཧོང་དུ་ཕྱི་ཟླ་༥་པའི་ཚེས་༦་ནས་འགོ་བཛུགས་ཚེས་༡༠་བར་ཉིན་༥་ཡི་རིིང་
རྒྱལ་དོན་མཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་དང་ཁོང་གི་གཟིགས་བསྐོར་འདི་རྒྱ་ནག་གི་སྲིད་འཛིན་ཞིག་གིས་ལོ་ངོ་
༡༠ ཡི་ནང་ཉི་ཧོང་ནང་རྒྱལ་དོན་མཚམས་གཟིགས་སུ་ཕེབས་པ་ཐེངས ༡ པོ་དེ་ཆགས་ཀྱི་ཡོད་པ་རེད། རེ་གཟའ་ཉི་མའི་ཉིན་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ མཱ་སྰ་ཧི་ཀོ་ ཀོམུ་རྰ་ མཆོག་གིས་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་ཕྱི་གསལ་
ནང་གསལ་ཞིག་མ་གནང་ཚེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏང་གི་མེད་པའི་གཏམ་བཤད་ལ་ཡིད་ཆེས་བྱ་དཀའ་བ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད༎