ཀིརྟི་སྐྱབས་བཙོན་གྲོལ་ཐོབ་པ།

རྒྱ་ནག་གིས་དགེ་རྒན་ཀིརྟི་སྐྱབས་ལགས་བཙོན་གྲོལ་ཐོབ་འདུག་ཀྱང་ལྟ་རྟོགས་ནན་པོ་བྱེད་རྒྱུའི་ཉེན་བརྡ་བཏང་འདུག

རྒྱ་ནག་གིས་དགེ་རྒན་ཀིརྟི་སྐྱབས་ལགས་བཙོན་གྲོལ་ཐོབ་འདུག་ཀྱང་ལྟ་རྟོགས་ནན་པོ་བྱེད་རྒྱུའི་ཉེན་བརྡ་བཏང་འདུག བོད་ནས་བཏང་འབྱོར།

༄༅༎རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་ལོ་ཤས་གོང་གློ་བུར་འཛིན་བཟུང་གིས་ད་བར་གྱི་མི་ལོ་གསུམ་ཙམ་ལ་བཙོན་འཇུག་བྱས་བའི་རྔ་བ་ཁུལ་འབར་ཁམས་དགེ་འོས་སློབ་གྲྭའི་དགེ་རྒན་ཀིརྟི་སྐྱབས་ཟླ་བ་འདིའི་ཚེས་༢༤ཉིན་བཙོན་ཁང་ནས་གློད་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་ཡོད་པ་དང་། དེ་མ་ཐག་ཉེ་འཁོར་གྱི་བོད་མི་དང་། སློབ་གྲོགས་སློབ་ཕྲུག ལྷག་པར་སེམས་ཐག་ཉེ་བའི་གྲོགས་པོ་ཚོས་ཁ་པར་བཏང་བ་འམ་ཁྱིམ་ལ་སོང་ནས་མཇལ་མོལ་ཞུས་པ་སོགས་བྱས་ཡོད་པ་རེད། འོན་ཀྱང་ཁོ་རང་གློད་བཀྲོལ་གཏོང་ཁར་འབྲེལ་ཡོད་ཚན་པས་མུ་མཐུད་དུས་ཚོད་ངེས་ཅན་ནང་བལྟ་རྟོགས་ནན་པོ་་བྱེད་རྒྱུ་ཡིན་པ་དང་། བྱ་སྤྱོད་ཡག་པོ་མ་བྱུང་ཚེ་ཡང་བསྐྱར་འཛིན་བཟུང་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org