མ་ལེ་ཤི་ཡས་སྐྱབས་བཅོལ་ཞུ་མཁན་ཕྱི་མི་༨༠༠་བཞེས་རྒྱུ།
མ་ལེ་ཤི་ཡ་ཡིས་ཨོ་སེ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་ཞུ་མཁན་ཕྱི་མི་བརྒྱད་བརྒྱ་ཐམ་པ་ཡུལ་དེའི་ནང་སྐྱབས་བཅོལ་བའི་གནས་བབ་འོག་ལེན་རྒྱུ།
-
2011-05-08 -
-
-
༄༅༎མ་ལེ་ཤི་ཡ་ཡིས་ཨོ་སེ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་ཞུ་མཁན་ཕྱི་མི་བརྒྱད་བརྒྱ་ཐམ་པ་ཡུལ་དེའི་ནང་སྐྱབས་བཅོལ་བའི་གནས་བབ་འོག་ལེན་རྒྱུའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཀོ་ལ་ལམ་པུར་ནས་ཨེ་པེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་མ་ལེ་ཤི་ཡ་དང་ཨོ་སེ་ཀྲོ་ལི་ཡའི་གཞུང་གཉིས་དབར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲོས་མཐུན་ཞིག་བཞག་ནས་ཁྲིམས་འགལ་མཚོ་ཐོག་འགྲུལ་ཞུད་ཀྱིས་ཨོ་སེ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་ཞུ་མཁན་ཕྱི་མི་བརྒྱ་བརྒྱ་ཐམ་ཡོད་པ་དེ་དག་མ་ལེ་ཤི་ཡས་ལེན་རྒྱུ་དང་ དེའི་ཚབ་ཏུ་མ་ལེ་ཤི་ཡའི་ནང་དེབ་སྐྱེལ་བྱས་པའི་སྐྱབས་བཅོལ་བ་བཞི་སྟོང་ཐམ་པ་ཡོད་པ་དེ་དག་ཨོ་སེ་ཀྲི་ལི་ཡས་ལེན་རྒྱུར་གྲོས་མཐུན་བྱུང་ཡོད་འདུག།