ཨོའི་སི་ཀྲེ་རི་ལི་ཡས་རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་རྒྱང་བསྲིང་ལས་རིམ་མཚམས་འཇོག་བྱ་རྒྱུ།

2021.03.06
ཨོའི་སི་ཀྲེ་རི་ལི་ཡས་རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་རྒྱང་བསྲིང་ལས་རིམ་མཚམས་འཇོག་བྱ་རྒྱུ། རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་རྒྱང་བསྲིང་ལས་ཁང་།
པར་ཚགས།

དེ་ཡང་ཨོའི་སི་ཀྲེ་རི་ལི་ཡའི་གྲོང་ཁྱེར་Sydney ནས་གནས་ཚུལ་སྤེལ་བར་གཞིགས་ན།SBSརྒྱང་བསྲིང་ཁང་གི་མགྲིན་ཚབ་པས་གོང་ཞུས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་དང་བརྙན་འཕྲིན་ལས་རིམ་རྒྱང་སྲིང་དེ་རིང་རེས་གཟའ་སྤེན་པ་ནས་མཚམས་འཇོག་བྱས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ནས་སྐྱོན་བརྗོད་བྱས་པ་དེར་ཞིབ་འཇུག་དང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་གྱི་ལས་རིམ་དེ་ཚོར་བསྐྱར་ཞིབ་གནང་རྒྱུ་ཡིན་པ་གསུངས་འདུག ཨོ་སི་ཀྲེ་རི་ལི་ཡའི་SBS རྒྱང་བསྲིང་ལས་ཁང་གི་ལས་རིམ་ནང་རྣམ་ཀུན་CGTN དབྱིན་ཇིའི་སྐད་ཡིག་ཐོག་གི་སྐར་མ་བཅོ་ལྔའི་གསར་འགྱུར་དང་  CCTV རྒྱ་སྐད་ཐོག་གི་སྐར་མ་༣༠གསར་འགྱུར་རྒྱང་བསྲིང་བྱེད་ཀྱི་ཡོད་པ་དེ་ད་ཆ་མཚམས་འཇོགས་བྱས་ཡོད་པ་རེད།

ཡང་གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་དེ་ནི་རྒྱ་ནག་དང་དགྲར་འཛིན་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཏེ་འབྲེལ་ཡོད་སྡེ་ཚོགས་ཁག་གིས་ཕྱོགས་ལྷུང་གི་ལྟ་ཚུལ་སྤོང་དགོས་པའི་འབོད་སྐུལ་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎