སའི་གོ་ལ་སྐྱོབ་ཐབས་ཀྱི་ཆེས་མཐོའི་ལྷན་ཚོགས།
སའི་གོ་ལ་སྐྱོབ་ཐབས་སུ་རི་ཡོ་ཌི་ཇ་ནེ་རོའོ་ལ་འཛམ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆེ་ཁག་བསྐྱར་འཛོམས་གནང་གི་ཡོད་པ་རེད།
-
2012-06-11 -
-
-
༄༅༎ལོ་ཉི་ཤུའི་གོང་སའི་གོ་ལ་སྐྱོབ་ཐབས་སུ་རི་ཡོ་ཌི་ཇ་ནེ་རོའོ་ལ་འཛམ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པ་ཚོས་ཆེས་མཐོའི་ལྷན་ཚོགས་ཤིག་གནང་བའི་སྐབས་འཆར་གཞི་མང་པོ་གཏན་འབེབས་གནང་ཡོད་པ་དང༌། ད་ཆ་སླར་ཡང་ཟླ་བ་འདིའི་ཚེས་༢༠ནས་༢༢བར་རིཡོ་ས་གནས་སུ་འཛམ་གླིང་དབུ་ཁྲིད་ཆེ་ཁག་བསྐྱར་འཛོམས་གནང་གི་ཡོད་པ་རེད།
འོན་ཀྱང་གོ་ལའི་གནས་སྟངས་དེ་བཞིན་ལོ་ཉི་ཤུའི་གོང་དང་གཅིག་པ་མ་ཡིན་པར། འཛམ་གླེང་འདི་བཞིན་དེ་སྔ་དང་མི་འདྲ་བའི་ཁོར་ཡུག་དང་གནམ་གཤིས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པའི་ས་གཞི་ཞིག་ལ་གྱུར་ཡོད། བདུན་སྔོན་མ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་ འགྲོ་བ་མིའི་གནས་སྡོད་བྱ་ཡུལ་ས་གཞི་དེ་བཞིན་སྔར་དང་མི་འདྲ་བའི་ཉམ་རྒུད་ཆེན་པོ་ཕྱིན་ཡོད་པ་གསལ་བཏོན་གནང་ཡོད་པ་རེད།
རྒྱ་ནག་དང་རྒྱ་གར། གཞན་ཡང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་བཞིན་ཡོད་ནའང༌། མི་འབོར་ས་ཡ་མང་པོ་དབུལ་ཕོངས་ཀྱི་གནས་སྟངས་འོག་སྡོད་མུས་ཡིན་པ་རེད་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དཔལ་འབྱོར་གྱི་དཀའ་ངལ་མུ་མཐུད་འཕྲད་ནས་ད་ཆ་ལོ་བཞི་མ་ཟིན་ཙམ་ཞིག་འགྲོ་གི་ཡོད་པ་དང༌།འཛམ་གླིང་ཡུལ་ཁག་ཚོས་དུ་གཙོག་མེད་པའི་ལྗང་ལྡན་ཅན་ལ་འགྱྱུར་རྒྱུའི་ལས་འཆར་ཁག་ལག་བསྟར་བྱ་རྒྱུར་འདོད་པ་དེ་ཙམ་བྱེད་ཀྱི་མེད་པ་རེད།
འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་༡༡༥ཙམ་ཞིག རི་ཡོ་ཌི་ཇ་ནེ་རོའོ་ ལ་སའི་གོ་ལའི་ཚོགས་ཆེན་སར་ཕེབས་ཀྱི་ཡོད་པ་རེད།